2024ལོའི་དམངས་ཆེན་འཐུས་མིའི་གྲོས་གཞིའི་བསྒྲུབ་པའི་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས་པ།

《 海南报-藏文 》( 2024年09月04日 第 02 版 )

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས28ཉིན།ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བའི་སྐུལ་འདེད་གྲོས་བསྡུས་ལ།ཁུལ་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུན་ཀྲིན་ཞྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་གཏམ་བཤད་སྤེལ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་ཧྥན་རོན་ཡོན་གྲོས་ཚོགས་སུ་ཞུགས་ནས་རེ་བ་བཏོན།འཐུས་མིའི་གྲོས་གཞིའི་སྒྲུབ་པའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་པ་དང་།ཁུལ་སྒྲིག་ཨུའི་ལྟ་སྐུལ་ཨུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་གྲོས་ཚོགས་སུ་ཟུར་ཞུགས་བྱས།

གྲོས་ཚོགས་ཀྱིས་ད་ལོར་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་གཏོད་རང་བཞིན་གྱིས་དམངས་ཆེན་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བསམ་འཆར་གྱི་དང་བྱ་བའི་བྱང་ཚད་མཐོ་རུ་གཏོང་བའི་བྱ་འགུལ་ལོར་བརྩིས་ཏེ།གྲོས་གཞི་ནན་སྒྲུབ།གྲོས་གཞིར་ལྟ་སྐུལ།གྲོས་གཞི་དཔྱད་དཔོག་བཅས་ཀྱི་བྱ་བའི་ལམ་སྲོལ་སྐུལ་འདེད་ལེགས་པོ་བྱས་པས།འཐུས་མིའི་གྲོས་གཞི་བསྒྲུབ་ལུགས་གོམ་གང་མདུན་སྤོས་ཀྱི་འཐུས་ཚང་དུ་བཏང་བ་དང་།གྲོས་གཞི་སྒྲུབ་ལུགས་ཀྱི་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།གྲོས་གཞི་བསྒྲུབ་པའི་ལས་ཁུངས་དག་གིས་གྲོས་གཞི་བསྒྲུབ་པའི་ལས་འགན་ཏན་ཏིག་སྒོས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བ་བྱས་ནས།ངོས་ཟིན་མཐོར་འདེགས་དང་དམངས་ཀྱི་འདོད་བློ་ལྟར་གྲོས་གཞི་རེ་རེ་ཆད་ལྷག་མེད་པར་ལེགས་སྒྲུབ་བྱ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་།ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁུལ་ཞིང་ཕྱུགས་ཅུའུ་སོགས་སྡེ་ཁག་བཅས་ཀྱིས་གྲོས་གཞི་བསྒྲུབ་པའི་བྱ་བའི་ཐད་གྲོས་མོལ་གཏམ་བཤད་བྱས།