རང་ཁུལ་གྱི་སློབ་གྲྭ་སོ་སོས་སློབ་སྐབས་གསར་པ་བསུས།
《 海南报-藏文 》( 2024年09月04日 第 02 版 )
རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས31ནས་བཟུང་རང་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གཅིག་རྗེས་གཉིས་མཐུད་ངང་སློབ་མགོ་ཚུགས་ཤིང་།སློབ་གྲྭ་སོ་སོའི་ཉེ་འཁོར་དུ་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་དུ་སློབ་མ་དང་ཁྱིམ་བདག་ཚོར་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཤིང་།གོ་རིམ་ལྡན་པའི་ངང་སློབ་མ་དང་ཁྱིམ་བདག་ལ་ཁྲིད་སྟོན་བྱས་ནས་སློབ་མ་བདེ་འཇགས་ངང་སློབ་གྲྭར་ལོག་རྒྱུ་འགན་ལེན་བྱས།
སློབ་གྲྭ་སོ་སོས་སློབ་མ་ཚོར་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་སློབ་མགོ་ཚུགས་པའི་སློབ་ཚན་དང་པོ་བཀོད་སྒྲིག་བྱས་ཏེ་ཕྲུ་གུ་ཚོ་དང་མཉམ་དུ་སློབ་སྐབས་གསར་པའི་ཕུགས་འདུན་དོན་གཉེར་གྱི་ལམ་ལ་ཆས།
ས་གནས་སོ་སོའི་སློབ་གྲྭ་ཁག་གིས་སློབ་མགོ་ཚུགས་པའི་སློབ་ཚན་དང་པོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སློབ་མས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ལ་ངོས་འཛིན་བྱ་རྒྱུར་ཤུགས་སྣོན་པ་དང་།ལྟ་འདོད་ལ་ཉན་སྤྲོ་བའི་བྱ་འགུལ་སྤེལ་ཏེ།རྒྱ་ཆེའི་སློབ་མས་ཀྲུང་ཧྭ་མི་རིགས་ལ་གཏོགས་སེམས་དང་མོས་སེམས།གཟི་བརྗིད་ཀྱི་བསམ་པ་བཅས་བཅངས་ཤུགས་ཆེ་རུ་བཏང་།།