ཁྲི་ཀས་དམངས་ཚིས་ལས་གཞི་ལག་བསྟར་བྱས་ནས་དམངས་ལ་ཕན་བདེ་བསྐྲུན་པ།
《 海南报-藏文 》( 2024年09月04日 第 02 版 )
རང་ཚགས་པར་གྱི་འཕྲིན།ཁྲི་ཀ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ།བྱ་བ་ཆུང་ངུ་ནས་མགོ་བརྩམས་ཏེ་གནད་དོན་ཐག་གཅོད་བྱེད་པ་དང་བྱ་བ་དངོས་སྒྲུབ་ནས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་དོན་དག་བཅས་ཐག་གཅོད་བྱས་ཏེ།མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་མཐོ་རུ་བཏང་།རྨ་སྲིབ་གྲོང་རྡལ་ཞི་ཅཱ་ཙུའེ་ས་ཁུལ་གྱི་གཞུང་ལམ2021ལོའི་ཟླ10བར་སྐྲུན་མགོ་ཚུགས་ཤིང་དང་དུས་ཡུན་ལོ་གཉིས་ཡིན་ལ་ཨར་ལས་ཀྱི་འགོག་རྐྱེན་དབང་གིས་ད་བར་དུ་ལེགས་འགྲུབ་མ་བྱུང་བས།ཁྲི་ཀ་རྫོང་གིས་གྲོང་ཁྱེར་གསར་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་རིམ་དབྱེ་སྐུལ་འདེད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས།གྲོང་ཁྱེར་གྱི་གཞུང་ལམ་བསྒྱུར་བཀོད་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་།2024ལོའི་ཟླ4པར་ཞི་ཅཱ་ཙུའེ་ལམ་ཁུལ་གྱི་རྨོ་འདེབས་ལམ་བུའི་འཛུགས་སྐྲུན་ལས་གྲྭ་བདེ་བླག་ངང་ལས་མཇུག་སྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང2024ལོའི་ཟླ8པར་ཤང་ཡུན་ལམ་གྱི་གཞུང་ལམ་འཛུགས་སྐྲུན་ཁྱོན་ཡོངས་ནས་ལས་མཇུག་སྒྲིལ་ཏེ་བེད་སྤྱོད་གཏོང་མགོ་བརྩམས།དེ་དང་ཆབས་ཅིག་ཤང་ཡུན་ལམ་སོགས་གཞུང་ལམ་འཛུགས་སྐྲུན་ལས་གྲྭ་ཁྱོན་ཡོངས་ནས་སྤྱོད་མགོ་ཚུགས་ཏེ་ས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་འཁོར་བསྐྱོད་ལ་སྔར་ལས་སྐུལ་འདེད་བཏང་ནས་མཐའ་འཁོར་གྱི་སྡེ་མིར་བདེ་འཇགས་དང་སྟབས་བདེ་བསྐྲུན་ཡོད།རྗེས་མར་ཁྲི་ཀ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས་དམངས་ཚིས་དོན་དངོས་ལ་དམིགས་ནས།རྒྱ་ཆེའི་སྡེ་མིར་ལམ་ཁོད་སྙོམས་པ་དང་ཆུ་རྐ་ལེགས་པོ།གློག་སྒྲོན་གསལ་བ།ལྗང་མདོག་ལྡན་པ་བཅས་ཀྱི་སྔར་ལས་སྤུས་ལེགས་དང་ལས་ཕྱོད་མཐོ་བའི་གྲོང་ཁྱེར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།