ཀོས་ནན་རྫོང་གིས་དུག་འགོག་དྲིལ་སྒྲོག་བྱ་འགུལ་སྤེལ་བ།
《 海南报-藏文 》( 2024年09月04日 第 02 版 )
རང་ཚགས་པར་གྱི་འཕྲིན།ཀོས་ནན་རྫོང་དུག་འགོག་གཞུང་སྒྲུབ་ཁང་གིས་ཀོས་ནན་རྫོང་ཐར་ཤུལ་ཤང་གི་རྟ་རྒྱུག་རིག་གནས་ཡུལ་སྐོར་བྱ་འགུལ་སྐབས་བཅུ་དགུ་པ་སྤེལ་བ་གོ་སྐབས་སུ་བཟུང་སྟེ།ཡུལ་དངོས་སུ་དུག་འགོག་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།
བྱ་འགུལ་སྤེལ་བའི་སྐབས་སུ། ཀོས་ནན་རྫོང་དུག་འགོག་གཞུང་སྒྲུབ་ཁང་གི་མི་དམངས་ཉེན་རྟོག་པས་དུག་འགོག་དྲིལ་སྒྲོག་འགྲེམ་བྱང་བཀྲམ་ནས།དུག་རྫས་ཀྱི་གནོད་འཚེ་དང་སྔོན་འགོག་ཐབས་རྩལ།དུག་འགོག་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱས་ཏེ།ཚང་མས་ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་དང་རྒྱང་དུ་བཀྱེད་དགོས་པའི་སློབ་གསོ་བཏང་།
ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པས་དྲིལ་སྒྲོག་ཡིག་ཆ500ལྷག་བཀྲམ་པ་དང་།མང་ཚོགས200ལྷག་གི་བློ་འདྲི་དང་ལེན་བྱས་ཏེ།སྤྱི་དམངས་ཀྱི་དུག་རྫས་ངོས་འཛིན་དང་དོགས་ཟོན་རང་བཞིན་ནུས་ལྡན་སྒོས་མཐོར་འདེགས་སུ་བཏང་བ་དང་།དུག་འགོག་དྲིལ་སྒྲོག་གི་ཁོར་ཡུག་ལེགས་པོ་བསྐྲུན།དུས་མཚུངས་སུ།འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་དུག་འགོག་བྱ་བར་སྐུལ་འདེད་བཏང་སྟེ། བདེ་འཇགས་དང་འཆམ་མཐུན།དུག་བྲལ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་འབད་བརྩོན་བྱས།།