ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆུ་གློག་ས་ཚིགས་ཆུང་གྲས་གཙང་བཤེར་སྒྲིག་བཅོས་བྱས།

《 海南报-藏文 》( 2024年08月28日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས23ཉིན།ཐུན་ཏེ་རྫོང་རྐ་རྒན་ཆུའི་རིམ་པ་དང་པོའི་ཆུ་གློག་ས་ཚིགས་ལས་གྲྭའི་འགག་རྩ་དང་ལས་མཇུག་སྒྲིལ་བའི་ཞིབ་བཤེར་རྩིས་ལེན་ཚོགས་འདུ་ཚོགས་པ་དང་རྐ་རྒན་ཆུའི་རིམ་པ་དང་པོའི་ཆུ་གློག་ས་ཚིགས་ཞིབ་བཤེར་རྩིས་ལེན་བྱས་ནས།ཁུལ་ཡོངས་ཀྱི་ཆུ་གློག་ཆུང་གྲས་གཙང་བཤེར་དང་བཅོས་སྒྲིག་བྱ་བ་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཡོད།

རང་ཁུལ་གྱི་སྒྲིག་བཅོས་དང་ཕྱིར་འཐེན་བྱེད་པའི་ཆུ་གློག་ས་ཚིགས་ཆུང་གྲས་ཁྱོན46ཡོད་པ་དེའི་ནང་ཆུ་གློག་ས་ཚིགས་ཆུང་གྲས33ཕྱིར་འཐེན་བསྐྱར་བཤེར་བྱས་པ་དང་།སྒྲིག་བཅོས་རིགས་ཀྱི་ཆུ་གློག་ས་ཚིགས་ཆུང་གྲས13གྱི་ཁྲོད་ཆུ་གློག་ས་ཚིགས7ལ་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཆུ་གློག་ས་ཚིགས6ལ་ཁུལ་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

མིག་སྔར། ཞིང་ཆེན་རིམ་པས་སྒྲིག་བཅོས་རིགས་ཀྱི་ཆུ་གློག་ས་ཚིགས་ཆུང་གྲས2ལེགས་འགྲུབ་བྱུང་བ་དང་ཁུལ་རིམ་པས་སྒྲིག་བཅོས་རིགས་ཀྱི་ཆུ་གློག་ས་ཚིགས་ཆུང་གྲས2ལེགས་འགྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།ཆུ་གློག་ས་ཚིགས་ལྷག་མ5ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཁུལ་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་པའི་ཆུ་གློག་ས་ཚིགས་ལྷག་མ4ཟླ8པའི་ཚེས28ཉིན་གྱི་སྔོན་དུ་ལས་མཇུག་སྒྲིལ་ནས་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།

རྗེས་མར་མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ནུས་ཤུགས་ཡོད་རྒུས་བྱ་བ་སོ་སོར་སྐུལ་འདེད་བྱས་ཏེ་ཆུ་གློག་ས་ཚིགས་ལྷག་མའི་སྒྲིག་བཅོས་ལས་འགན་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ།དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་རྒྱུ་རེད།