无标题
《 海南报-藏文 》( 2024年08月28日 第 02 版 )

ཟླ8པའི་ཚེས20ཉིན།ཁུལ་ལོ་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་དང་ཁུལ་ལོ་ཆུང་གཞོན་ནུའི་དཔེ་སྟོན་རང་བཞིན་གྱི་སྣ་འཛོམས་ལག་ལེན་ལྟེ་གནས་ཀྱིས་དབྱར་གནང་སྐབས་བྱིས་པ་ཚོ་རྩ་འཛུགས་བྱས་ཏེ།ཁུལ་གནམ་གཤིས་ཚན་རྩལ་ཁྱབ་སྤེལ་ཁང་དང་ཕྱི་རོལ་གནམ་གཤིས་བརྟག་དཔྱད་གླིང་སོགས་སུ་སོང་ནས་གནམ་གཤིས་བརྟག་དཔྱད་ཀྱི་སྒྲིག་ཆས་དང་བྱ་བའི་གཞུང་ལུགས་ལ་རྒྱུས་ལོན་བྱས་ནས།གནམ་གཤིས་འགྱུར་ལྡོག་ལ་ངོས་འཛིན་ཟབ་མོ་བྱུང་བ་དང་།ལོ་ཆུང་གཞོན་ནུ་ཚོའི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་དང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་ནས་གནམ་གཤིས་ཚན་རྩལ་ཁྱབ་གདལ་གྱི་ཤེས་བྱར་སྤྲོ་བ་ཆེན་པོ་འཕེལ་ཡོད་པ་རེད།