- 放大
- 缩小
- 默认
མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་ལེགས་འགྲུབ་བྱུང་བ།
ཉེ་སྔོན།མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ(དུས་ཐེངས་དང་པོ)ལས་གྲྭའི་རིག་སྨོན་གྲོང་རྡལ་ནས་རྣུ་ལྕེ་མཛེས་ལྗོངས་ཁུལ་བར་གྱི་ལམ་ངོས་དང་།སྔོ་འགྱུར།འགྲིམ་འགྲུལ་བདེ་སྲུང་སོགས་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་བྱུང་བས།“ནུས་པ”དང“མཛེས་སྡུག”གཉིས་ལྡན་གྱི་དམངས་ཚིས་ཕན་པའི་འགྲོ་ལམ“འགྲེམས་སྟོན”བྱས་པ་རེད།
མཚོ་སྔོན་པའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ(དུས་ཐེངས་དང་པོ)ལས་གྲྭའི་རིག་སྨོན་གྲོང་རྡལ་ནས་རྣུ་ལྕེ་མཛེས་ལྗོངས་ཁུལ་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ50ཡོད་པ་དང་།རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་སྤྱད་དེ་འཛུགས་སྐྲུན་བྱས།གཙོ་བོ་ལམ་གཞི་དང་། ལམ་ངོས། ཟམ་པ། སྔོ་འགྱུར། གློག་འཕྲུལ།འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་གཞི་ཚུད་ཡོད་པ་དང་།མྱུར་ཚད་ཆུ་ཚོད་རེར་སྟོང་སྨི60ཇུས་འགོད་བྱས།ལས་གཞི་འཛུགས་སྐྲུན་ཐད་ལས་གྲྭའི་སྤུས་ཚད་ལ་དམིགས་ཏེ་སྤུས་ཚད་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་།ཚད་ལྡན་ཅན་གྱི་ཨར་ལས་སོགས་དོ་དམ་ཐད་འབད་བརྩོན་ཆེན་པོ་བྱས་ནས་ལས་གཞི་དེ“ཕྱི་མཛེས་ལ་ནང་སྲ་ཞིང་བརྟན་པོ”ཡོང་བར་འགན་ལེན་བྱས།དེ་དང་ཆབས་ཅིག་ཏུ།སྐྱེ་ཁམས་སྔོན་ལ་སྒྲུབ་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྐྲུན་ཞོར་དུ“སྔོ་འགྱུར”དང་མཉམ་དུ་བསྐྲུན་ནས།ལམ་ཁོངས་ཁོར་ཡུག་བཟང་པོ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་གཏོད་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན།མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ(དུས་ཐེངས་དང་པོ)ལས་གཞི་བསྐྲུན་རྗེས།མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དང་མཐའ་འཁོར་གྱི་འགྲིམ་འགྲུལ་ལམ་དྲའི་བཀོད་སྒྲིག་སྔར་ལས་ཇེ་ལེགས་དང་།ཡུལ་སྐོར་བ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཇེ་ལེགས།“འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ།མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་རོགས་རམ་བྱ་རྒྱུ་རེད།
(ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།)