- 放大
- 缩小
- 默认
མཚོ་ལྷོ་ཚལ་རྔ་རུ་ཁག་དང་ཡུས་ཧྲུའུ་འབྲོང་རྒོད་རུ་ཁག་གཉིས3:3འགྲན་མཉམ་བྱུང་།
མཚོ་སྔོན་གྱི་འགྲན་སྡུར་ཆེན་མོའི་མཚོ་ལྷོའི་འགྲན་ཁུལ་གྱི་ཐོག་མའི་ འགྲན་སྡུར་མཇུག་སྒྲིལ་བ།


རང་ཚགས་པར་གྱི་འཕྲིན།ཟླ6པའི་ཚེས2རྐང་གྲུག་ཅེས་པའི་འགྲན་སྡུར་ཆེན་མོའི་མཚོ་ལྷོའི་ཉིན་གྱི་ཕྱི་དྲོར། རབ་མཛེས་མཚོ་སྔོན། མཐོ་སྒང་ འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་ནས་མགོ་བརྩམས་ཤིང་།མཚོ་ལྷོ་ཚལ་རྔ་རུ་ཁག་དང་ཡུས་ཧྲུའུ་འབྲོང་རྒོད་རུ་ཁག་གཉིས3:3འགྲན་མཉམ་བྱུང་།
རང་ཁུལ་གྱིས་འགྲན་ཁུལ་གྱི་འགྲན་སྡུར་ལ་གྲ་སྒྲིག་གྱ་ནོམ་པ་བྱས་ཏེ་མགོ་རྩོམ་གྱི་མཛད་སྒོ་གཟབ་རྒྱས་ངང་བསྡུས།ཡུལ་དངོས་ཀྱི་ལྟད་མོ་ཁྲི་ལ་ཉེ་བ་ལྷག་གིས་འགྲན་ཞུགས་པ་ཚོར་སྐད་གསེང་མཐོན་པོས་ཤུགས་བརྒྱབ།དེ་མིན་འགྲན་རའི་ཕྱི་རོལ་དུ་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱས་འདུག
དུས་ཚོད14དང་སྐར་མ10སྟེང་།མཚོ་སྔོན་གྱི་འགྲན་སྡུར་ཆེན་མོའི་མཚོ་ལྷོའི་འགྲན་ཁུལ་གྱི་ཐོག་མའི་མགོ་རྩོམ་འགྲན་སྡུར་དེ《ཁྱེད་ཉིད་མཚོ་ལྷོར་ཕེབས་པར་དགའ་བསུ་ཞུ》ཞེས་པའི་གླུ་གར་གྱི་ཁྲོད་ནས་མགོ་བརྩམས་ཤིང་། དུས་རབས་གསར་པའི་རྒྱང་བསྐྱོད་ཀྱི་ལམ་ཁར་མཚོ་ལྷོའི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་སྨོན་འདུན་དེ་མཚོན་ཡོད།རྒྱན་གོས་འགྲེམ་སྟོན་གྱི་ཨ་མདོའི་མི་རིགས་རྒྱན་གོས་ལས་བོད་རིགས་མང་ཚོགས་ཀྱི་དུས་སྐབས་མི་འདྲ་བའི་ནང་གི་རིག་གནས་འཕེལ་རྒྱས་ཀྱི་ཚད་གཞི་མངོན་ཡོད་ལ།ཁོ་ཚོའི་སྙིང་སྟོབས་དང་འཆར་ཡན་གྱི་མཛེས་དཔྱོད་ལྟ་བའང་མངོན་ཡོད།《ཕུགས་བསམ་འཚོལ་བའི་མི》ཞེས་པའི་ཞབས་བྲོ་ལས་རྒྱ་ཆེའི་ན་གཞོན་ཡོངས་ཀྱི་ཕུགས་བསམ་འཚོལ་བའི་སྙིང་སྟོབས་དང་མདུན་བསྐྱོད་ཀྱི་གོམ་སྟབས་རེ་རེ་མཚོན་ཡོད།
མདོ་འཛིན་པས་མཚམས་སྦྱོར་བྱས་པ་བརྒྱུད།མཚོ་ལྷོ་ཚལ་རྔ་རུ་ཁག་དང་ཡུས་ཧྲུའུ་འབྲོང་རྒོད་རུ་ཁག་གཉིས་ཀྱི་རུ་མི་ཡོངས་ཀྱིས་རྒྱ་ཆེའི་ལྟད་མོ་བ་ཚོར་ལག་བརྡ་བསྟན་ནས་གུས་ཕྱག་འཕུལ།
དུས་ཚོད14དང་སྐར་མ50སྟེང་འགྲན་སྡུར་དངོས་སུ་མགོ་བརྩམས་ཤིང་། ཕྱོགས་གཉིས་ཀྱི་འགྲན་ཞུགས་རུ་མི་ཡོངས་ཛ་དྲག་ཆེ་བའི་འགྲན་སྡུར་ཁྲོད་ཞུགས་ཏེ།ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་མིག་གི་དགའ་སྟོན་ཆེན་པོ་ཞིག་བཤམས།
མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བའི་ནུབ་ཕྱོགས་ཀྱི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ས་ཁུལ་གྱི་མང་ཚོགས་རྣམས་ཡིད་དབང་ཅིག་ཅར་འཕྲོག་པའི་གཟུགས་འདས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་མང་པོའི་ཉོ་འཚོང་ལ་བྲེལ་གྱིན་འདུག
ཐེངས་འདིའི་མཉམ་འབྲེལ་འགྲན་སྡུར་ལས་ཐོན་རྫས་འགྲེམ་འཚོང་དེ་དྲ་ལམ་དང་ཡུལ་དངོས་གཉིས་ཀྱི་བྱེད་ཐབས་བེད་སྤྱད་ནས་མཚོ་ལྷོའི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་ཁྱབ་བསྒྲགས་བྱས་པ་དང་། ཡུལ་སྐོར་ལ་སྣེ་ཁྲིད་དང་མཛད་སྤྱོད་ལ་སྐུལ་འཁྲིད་བྱས་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན།