ཀོས་ནན་རྫོང་གི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ བཞི་པས་ཤེས་རྟོགས་གསར་བ་བྱུང་བ།

རང་ཚགས་པར་གྱི་འཕྲིན།ཉེ་ཆར།ཀོས་ནན་རྫོང་གི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་སྐབས་ས་གནས་དེ་གའི་འབྲོག་པར་འདྲི་ཞིབ་བྱས་པ་བརྒྱུད་སུམ་མདོ་གྲོང་རྡལ་འབུམ་ལུང་སྡེ་བའི་ལུང་པ་ཞིག་གི་བྲག་ངོས་སུ་སྲོག་ཆགས་ཀྱི་གཟུགས་རིས་བརྐོས་ཡོད་པའི་བྲག་བརྐོས་རི་མོ་ཁག་ཅིག་ཤེས་རྟོགས་བྱུང་།ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་བྲག་རིས་ཀྱི་ཁྱབ་ཚུལ་དང་གྲངས་འབོར།པར་རིས། གཞི་རྩའི་གྲངས་གཞི། ཉར་ཚགས་གནས་ཚུལ་བཅས་ལ་ཞིབ་ཕྲའི་འཚོལ་བསྡུ་དང་ཟིན་ཐོར་བཀོད།
ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་འབུམ་ལུང་སྡེ་བའི་སྡེ་མི་བྱམས་གྲགས་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར།རྩྭ་ར་དེ་ངའི་ཡིན།ཆུང་དུས་ཟོག་རྫིར་འགྲོ་དུས་གནས་འདི་རུ་བྲག་རིས་ངོ་མཚར་ཅན་མང་པོ་མཐོང་ཐུབ།བྲག་རིས་ནི་མིའི་རིགས་ཀྱི་མེས་པོ་ཚོས་མི་རབས་རྗེས་མར་སྤྲད་པའི་རྩ་ཆེའི་ཤུལ་བཞག་རིག་གནས་ཤིག་ཡིན་ལ།དེའི་ནང་གནའ་རབས་མིའི་རིགས་ཀྱི་འཚོ་བ་དང་དད་མོས། སྒྱུ་རྩལ་གྱི་མཚོན་ཚུལ་བཅས་ཟིན་ཐོར་བཀོད་ཡོད།དུས་སྐབས་མི་འདྲ་བར་འཚོ་བ་སྐྱེལ་བཞིན་པའི་རིགས་རྒྱུད་རྣམས་ཁོར་ཡུག་གི་འགྱུར་ལྡོག་དང་འཚམ་པའི་བརྒྱུད་རིམ་ཁྲོད་རིག་གནས་དང་བྱ་སྤྱོད་མཉམ་འདྲེས་བྱས་པ་བརྒྱུད་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་ནས་ཁོར་ཡུག་ལ་བརྟེན་པ་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པ། ཁོར་ཡུག་ལ་བརྩི་འཇོག་བྱེད་བཅས་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐོག་མའི་རིག་གནས་སྣང་ཚུལ་ཞིག་ཡིན།
ཀོས་ནན་རྫོང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གི་ལས་བྱེད་མི་སྣ་ཝང་ཀྲན་ཚུན་གྱིས་བཤད་རྒྱུར།བྲག་རིས་དེ་དག་ཚང་མ་རྡོ་ཆས་གསར་པའི་དུས་རབས་ཀྱི་ཐོན་དངོས་ཡིན་པ་དང་ད་བར་ལོ་ངོ3000ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་བྲག་རིས་དེ་དག་གནས་པ་དེ་ནི་ཀོས་ནན་ས་ཁུལ་གྱི་མེས་པོ་རྣམས་ཀྱི་བདེན་དཔང་ནུས་ལྡན་ཞིག་ཡིན་པ་དང་། སྤྱི་ཡོངས་ནས་བརྗོད་ན། བྲག་རིས་ནི་མིའི་རིགས་ཀྱི་སྔ་མོའི་ཤེས་དཔལ་གྱི་ཕྱག་རྗེས་གལ་ཆེན་ཞིག་ཡིན་པར་མ་ཟད། མིའི་རིགས་ཀྱི་རིག་གནས་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་སྒྲིག་གཞི་ལ་ཞིབ་འཇུག་བྱེད་པའི་དོན་དངོས་ར་སྤྲོད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཀྱང་རེད།མིའི་རིགས་ཀྱི་ཤེས་རིག་འཕེལ་འགྱུར་གྱི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཀྱང་ཡིན་པས། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཤེས་རྟོགས་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྗེས་མར་མང་རྫོང་རིག་གནས་ཅུའུ་ཡིས་ཐེངས་འདིའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་གོ་སྐབས་དང་བསྟུན་ཏེ།བྲག་བརྐོས་རི་མོ་དེ་ཀོས་ནན་རྫོང་གི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་གསར་རྙེད་གལ་ཆེན་ཞིག་ཏུ་བརྩིས་ནས་རིག་དངོས་སྲུང་སྐྱོང་མིང་ཐོའི་ནང་ཚུད་དེ་ནུས་ལྡན་གྱི་སྲུང་སྐྱོང་བེད་སྤྱོད་ཇུས་གཞི་བཟོས་ཏེ་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱི་དངོས་དཔང་གལ་ཆེན་སྔར་ལས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད།།