དུས་ཆེན་གཉིས་ཀྱི་སྐབས་རང་ཁུལ་གྱི་ཡུལ་སྐོར་ཡོང་སྒོ་སྒོར་ཁྲི6684.23ལ་སླེབས་པ།

《 海南报-藏文 》( 2025年10月22日 第 02 版 )

རང་ཚགས་པར་གྱི་འཕྲིན།རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་སྐབས་སུ།རང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་བསྐྱོད་ཁུལ་བསྐྲུན་པའི་དམིགས་འབེན་ངེས་གནས་གཞིར་བཟུང་སྟེ།སྔོན་ལ་འཆར་འགོད་དང་འགན་སྲུང་ཇེ་བརྟན།ཞབས་ཞུ་ལེགས་བཅོས་བཅས་བྱས་ཤིང་།དུས་ཆེན་སྐབས་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་བའི་རྣམ་པར་གདེངས་ཚོད་ཡོད་པར་བྱས་པ་མ་ཟད།ཕུན་སུམ་ཚོགས་པའི་ཐོན་རྫས་མཁོ་འདོན་སྒོས་ཚོང་རའི་འཁོར་རྒྱུག་ཇེ་ལེགས་སུ་བཏང་སྟེ།ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་དང་དུས་ཆེན་སྐབས་ཀྱི་སྤྲོ་སྐྱིད་ཀྱི་རྣམ་པ་བཟང་བོ་ཞིག་བསྐྲུན།

སྐྱེ་ཁམས་ཡུལ་སྐོར་དང་ཉེ་འཁོར་ཡུལ་སྐོར།ཤང་སྡེ་ཡུལ་སྐོར་བཅས་ཀྱི་ནང་དོན་གཙོ་བོར་དམིགས་ཏེ།ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག2དང་།བརྗོད་དོན4ཡི་གཙོ་གནད་བྱ་འགུལ་ཁག14དང་ཚད་ལྡན་ཞབས་ཞུའི་བྱེད་ཐབས་ཁག10མཁོ་འདོན་བྱས་ནས། ཡུལ་སྐོར་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་། མཚོ་མོའི་ལྷོ་རྒྱུད་དང་གཙང་མཚོའི་དག་ཞིང་ངམ་གནས་མཆོག་མཚོ་ལྷོ་ཞེས་པ་སོགས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་བརྙན་རིས་སྒྲིག་སྦྱོར་འགྲེམ་སྤེལ་བྱས་ལ།ངོས་ཟུར་མི་འདྲ་བའི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་གྲུབ་རྐྱེན་དྲིལ་སྒྲོག་བྱས་ཏེ།བརྙན་རིས་ཀློག་གྲངས་ཚད་ཁྲི24.7ཡན་ཟིན།རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་སྐབས་སུ།ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི54.17ཡན་ལ་ཟིན་ནས་ལོ་སྔོན་པའི་དུས་ལས22.70%འཕར་བ་དང་།ཡུལ་སྐོར་ཡོང་སྒོ་སྒོར་ཁྲི6684.2ཐོན་ནས་ལོ་སྔོན་མའི་དུས་ལས17.56%འཕར་ཡོད།

ཁུལ་ཡོངས་ཀྱིས་རིག་གནས་ལུས་རྩལ་བྱ་འགུལ་ཁག47མཁོ་འདོན་བྱས་ཤིང་།རིག་གནས་འཁྲབ་སྟོན་དང་ཤུལ་བཞག་ཉམས་ལེན།ལུས་རྩལ་འགྲན་བསྡུར་དང་ཟས་རིགས་འགྲེམ་སྟོན།སྤྱི་བའི་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་ཁེབས་པར་བྱས་ཏེ།མཚོ་ལྷོ་ཁུལ་གྱི་མཚོ་སྔོན་པོ་རྟགས་མའི་རྐང་གྲུག་རྩ་འཛུགས་ཚོགས་པའི་རྩེ་རྩོད་ཐོག་མ་དང་རྐང་གྲུག་རྩེ་རིམ་འགྲན་བསྡུར།རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དགུ་ཡི་ལ་གཞས་གདན་ཞུ་འགྲན་བསྡུར་དང་རྫོང་རུ་རིག་གནས་རྟགས་མའི་ནུབ་བྱང་ས་ཁུལ་གྱི་ལྒང་ལིའི་གདན་ཞུ་འགྲན་བསྡུར་སོགས་བྱ་འགུལ་སྤེལ་ཏེ།དམངས་ཡོངས་ཟབ་ཞུགས་བྱེད་པའི་དུས་ཆེན་གྱི་རྣམ་པ་བཟང་བོ་བསྐྲུན་ལ།དུས་ཆེན་སྐབས་སུ།ཁྱོན་བསྡོམས་མང་ཚོགས་ཡུལ་སྐོར་བ་ཁྲི9.5ལྷག་ཡུལ་དངོས་སུ་ལྟད་མོ་བལྟ་རུ་བཀུག་ཡོད།ཡུལ་དངོས་སུ་བལྟ་བ་དང་འབྲེལ་འདྲིས་བྱས་པའི་མང་ཚོགས་མི་ཐེངས་ཁྲི108.35ཟབ་ཞུགས་བྱས་ཡོད།དེ་མིན་ཐད་གཏོང་སྤྱི་སྟེགས་ཀྱི་ལྟད་མོ་བ་མི་ཐེངས་ཁྲི70ལྷག་ལས་བརྒལ་ཡོད་པ་རེད།།