- 放大
- 缩小
- 默认
ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་དང་ལས་གཞི་གལ་ཆེན་གྱི་ཇུས་འགོད་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2025年10月22日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ10བའི་ཚེས16ཉིན།ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་དང་ལས་གཞི་གལ་ཆེན་གྱི་ཇུས་འགོད་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཟླ9བའི་ཚེས29ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དོན་མཐར་ཕྱིན་བྱས་ཤིང་།ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་དང་འབྲེལ་ཡོད་སྡེ་ཁག་གི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་ཀྱི་ཆེད་དོན་འཆར་འགོད་སྒྲིག་བཟོ།དེ་མིན་ལས་གཞི་གཙོ་བོའི་ཇུས་འགོད་གསོག་འཇོག་གི་གནས་ཚུལ་ལ་ཉན་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གཏམ་བཤད་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་མགོ་འཛིན་བྱས།
ལིས་ཀང་གིས་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་པ་ནི་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་གལ་ཆེན་ཡིན་པ་མ་ཟད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཀྱང་ཡིན།མཚོ་ལྷོ་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཀྱི་གཞི་རྩའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་དམིགས་འབེན་ལ་གཞིགས་ཏེ།འཚོགས་ལ་ཉེ་བའི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གཙོ་བོ་རྣམས་ཕྱོགས་ཡོངས་ནས་སློབ་སྦྱོང་མཐར་ཕྱིན་བྱས་ཏེ།མིག་རྒྱང་རང་བཞིན་དང་ཁྱོན་ཡོངས་རང་བཞིན།ཕྱོགས་ཡོངས་རང་བཞིན་གཙིགས་ཆེན་དུ་བཟུང་སྟེ།གནད་འཁེལ་དང་སྡེབ་སྒྲིགརྐང་འཛུགས་ས།ཤུགས་འདོན་པ་བཅས་འཚོལ་ཞིབ་བྱས་ནས་འཆར་འགོད་མ་ལག་འགྲུབ་པར་བྱ་དགོས།ལས་གཞི་གཙོ་བོའི་འཆར་འགོད་ཀྱི་མ་ལག་དང་མཐུན་སྦྱོར་རང་བཞིན་ལ་དམིགས་ནས་ཆ་ཤས་སྡེབ་སྒྲིག་དང་།སྡེ་ཁག་མཉམ་འབྲེལ།ཁྱབ་ཁོངས་མཐུན་སྦྱོར་བཅས་ལ་དམིགས་ནས་ཧུར་ཐག་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་བྱས་ནས་མ་འོངས་པའི་ལོ་ལྔའི་ཁ་ཕྱོགས་གཏན་འཁེལ་དང་འཆར་འགོད་བཟང་བོ་བྱ་དགོས་པ་བསྟན།
ལིས་ཀང་གིས་ཚན་རིག་གི་ལམ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་དང་ལས་གཞི་གལ་ཆེན་གྱི་འཆར་འགོད་བཟོ་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་དམིགས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲིས་བྱང་གསུམ་སྲུང་སྐྱོང་དང་ས་ནག་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ཕྲག་ཏུ་ལེན་པ་དང་།རི་ཆུ་ནགས་གསུམ་དང་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཅིག་གྱུར་གྱིས་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ཆེན་པོ་འདོན་དགོས། ཐོན་ལས་གནས་བཞིའི་འཛུགས་སྐྲུན་ལ་དམིགས་ནས་ས་བབ་དགེ་མཚན་གྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་།རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་བཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ཆོས་དང་དེང་རབས་ཐོན་ལས་མ་ལག་གི་དགེ་མཚན་ཧུར་ཐག་གིས་འདོན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། སྤྱི་ལ་ཕན་པ་དང་། རྨང་གཞི་བརྟན་པ། མཐིལ་རྟོལ་ཡོད་པ་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སོ་སོའི་ཁྱད་ཆོས་དང་མཛེས་པའི་ཐུན་མོང་འདུ་ཤེས་ཀྱིས་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་།ཧུར་ཐག་གིས་མཐུན་སྒྲིལ་འབད་འཐབ་བྱེད་པ།དར་རྒྱས་གོང་སྤེལ་གྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས།ཤང་གྲོང་གི་སྤྱི་བའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་སར་ཁ་གསབ་བྱེད་པ།གོམ་གང་མདུན་སྤོས་ཀྱིས་མཁར་གྲོང་མཉམ་འདྲེས་དང་ལྗང་མདོག་གྲོང་ཁྱེར།རྫོང་ཁོངས་གཞུང་ལམ་སོགས་བཟོ་སྐྲུན་ཆེན་མོར་འཆར་འགོད་བཟོ་དགོས།ཁ་གཏད་རོགས་སྐྱོར་སྲིད་ཇུས་བཟང་བོར་བསྒྲུབ་ནས་འབྲེལ་འདྲིས་ལ་ཤུགས་སྣོན་དང་གོམ་གང་མདུན་སྤོས་ཀྱིས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་།དམངས་ཕན་ལས་དར་ལ་ཤུགས་བསྣན་ཏེ་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་རྣམ་པ་གསར་པ་ཆགས་པར་བྱ་དགོས་པ་ནན་གྱིས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་མགོ་འཛིན་བྱེད་སྐབས་གཙོ་གནད་ལ་དམིགས་པ་དང་འཆར་འགོད་གནད་ལ་འཁེལ་བ། འཆར་འགོད་སྒྲིག་བཟོ་དང་ལས་གཞིའི་གྲབ་གསོག་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་།རྒྱལ་ཁབ་དང་ཞིང་ཆེན་གྱི་ཇུས་ཆེན་བཀོད་སྒྲིག་ལ་གཞིགས་ནས་ས་གནས་ཀྱི་དངོས་ཡོད་དང་ཐོན་ཁུངས་དགེ་མཚན་གཞིར་བཟུང་སྟེ།སྤུས་ཚད་མཐོ་བའི་འཆར་འགོད་སྒྲིག་བཟོ་དང་ལས་གཞིའི་གྲབས་གསོག་ལེགས་པོར་བསྒྲུབ་ནས་འཆར་འགོད་དང་གྲབས་གསོགའཛུགས་སྐྲུན་སྐོར་གྱི་འཁོར་རྒྱུག་བཟང་བོ་ཆགས་པར་ཁག་ཐེག་བྱ་དགོས།མཐུན་སྦྱོར་ལ་ཤུགས་སྣོན་དང་མཉམ་འབྲེལ་ལེགས་པོ་བྱེད་པ།བྱ་བའི་སྟོབས་ཤུགས་ཆེན་མོ་གཅིག་ཏུ་སྒྲིལ་བ་དང་སྡེ་ཁག་སོ་སོས་འགན་འཁྲི་དངོས་འབེབས་བྱས་ནས་ཁུལ་དང་རྫོང་གི་འཆར་འགོད་ནུས་ལྡན་གྱིས་འབྲེལ་མཐུད་བྱེད་པར་ཁག་ཐེག་བཟང་བོ་བྱ་དགོས།འགན་འཁྲི་ལག་ལེན་ནན་ཁུར་དང་ལག་ལེན་དངོས་འབེབ།འགྱུར་མེད་ཀྱི་སྙིང་སྟོབས་ཆེན་མོས་ལོ་ལྔའི་འཆར་གཞི་བཅུ་བཞི་པར་རྫོགས་ཚིག་འགོད་པ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པར་མགོ་ཡག་པོ་རྩོམ་དགོས་པ་བསྟན།
ཁུལ་གྱི་མགོ་ཁྲིད་ཀྲང་ཅི་ཙུང་དང་ཀུན་འགྲུབ་ཚེ་རིང་།ལི་ཀུའོ་ཞུང་།ལི་ཀུའོ་ཧྲེང་།ཞུའུ་ཅན་ཅུན།ཡཱ་སྒྲོལ་མ་སྐྱབས་བཅས་ཚོགས་འདུར་ཞུགས་པ་རེད།