སེམས་འགྱུ་ཐོར་བུ།
འཇོ་མདའ་པདྨ།༼ཆབ་མདོ།༽
《 海南报-藏文 》( 2025年09月24日 第 04 版 )
རྟོག་པའི་རླབས་ལ་རྩེན་ཏེ།།འཚོ་བའི་རི་ལུང་ཉུལ་དུས།།གཞོན་ཆུང་ཡིད་ཀྱི་མེ་ཏོག།རྒས་འགྲོ་བསམ་པ་མི་འདུག།སྙིང་གི་ལྗང་ཆུང་ལོ་མ།།ལོ་ཟླའི་རླུང་གིས་མ་ཁྱེར།།ལྡེམ་ལྡེམ་ལུས་ཀྱི་ནེམ་ཤ།འཁོར་བའི་གྲོང་ནས་ངོམ་སོང་།།མི་ཚེའི་དར་རྒུད་རི་མོ།།སེམས་ཀྱི་མཐིལ་དུ་ལྷུང་དུས།།འཁོར་བའི་དཀའ་སྡུག་ཟེར་བ།།འཁུར་ལ་ངལ་བ་མི་འདུག།ཀུན་རྟོག་འཚོ་བའི་ཆར་ཆུ།།ནང་སེམས་སྤང་དུ་འཐིམ་ན།།སྒྱུ་འཕྲུལ་ཡིག་འབྲུ་བརྒྱ་སྟོང་།།སོར་མོའི་རྩེ་ནས་འཁྲུངས་ངེས།།ཚོར་བའི་རྟ་ཕོར་ཞོན་ནས།།སྣང་བའི་འཇིག་རྟེན་འགྲིམ་པའི།།སྨྱུག་ཐོགས་གཞོན་པའི་ལས་ལ།།ཡིད་ཀྱི་གཏིང་ནས་སྨོན་སོང་།།ལས་འཕྲོའི་ཚིག་གི་ཟླ་ཟེར།།མགྲིན་པའི་གསེང་དུ་འཐོར་ན།།ཁེར་རྐྱང་འགྲུལ་བཞུད་འདི་ལ།།སྐྱིད་སྣང་གཞན་ཞིག་ཡོད་འདྲ།།