དབྱར་ཀ
གཞི་ཚང་ཟླ་བ་གྲགས་པ།༼སྡེ་དགེ། ༽
《 海南报-藏文 》( 2025年07月16日 第 04 版 )
སྤང་ལྗོངས་སུ་ཁྲ་ཚོམ་མེ་ཏོག་བཞད་ཀྱང་།མགོ་ཐོག་ན་སྨུག་སྤྲིན་ཕར་གཡོ་ཚུར་གཡོ།ནམ་མཁའ་ནས་ཆར་བ་ཟིམ་ཟིམ་འབབ་ཀྱང་།ས་གཞི་རུ་ཚེར་ལྡུམ་གྱི་མགོ་ལྕོག་ཡར་ལྡེམ་མར་ལྡེམ།རྐང་འོག་གི་རྡོ་བ་ཤིན་ཏུ་སྲ་ཞིང་འཐས་ཀྱང་།བར་སྣང་དུ་ཤིན་ཏུ་འཁྱག་པའི་རླུང་བུ་ནངས་ལྡང་ནུབ་ལྡང་།དཀར་ནག་གཉིས་ཀྱི་རྐྱ་འཐབ་པའི་དུས་ཚིགས་འདི་ལ།མི་རྣམས་ཀྱིས་དབྱར་ཀ་ཞེས་སྙིང་ཉེ་ཉེས་འབོད་པར་སྤྲོ།