ཁྲི་ཀས་སྤྱོད་ཚུལ་ལེགས་བཅོས་བྱས་ཏེ་དམངས་ཕན་ཞབས་ཞུ་བསྒྲུབ་པ།

《 海南报-藏文 》( 2025年07月16日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཡོན་གྲོང་སྡེ་བའི་སྡེ་མི་ཀྲང་ཧུང་ཚེ་ཡིས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣར་ཡང་ཡང་བཀའ་དྲིན་ཞུས།

ད་ལོའི་ཚུན་ལ།ཁྲི་ཀ་རྫོང་གི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་གཞི་བཙུགས་ཏེ་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་བཏང་ནས་མང་ཚོགས་དང་འབྲེལ་བ་དམ་པོ་བྱས་ཏེ།དབང་བོ་སྐྱོན་ཅན་གྱི་བྱིས་པའི་ལུས་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་།སྤྱོད་ཚུལ་བསྒྱུར་བ།ཕན་ནུས་འདོན་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ། ལུས་གསོའི་བྱ་བ་གནད་ལ་འཁེལ་བའི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་བྱིས་པར་ཕན་པ་ཐོབ་པར་བྱས།ལུས་གསོའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་།དབང་པོ་སྐྱོན་ཅན་གྱི་བྱིས་པའི་ལུས་གསོར་ཞིབ་མཆན་འགོད་པ་དང་བརྒྱུད་སྤྲོད། ལས་གཞིའི་རེ་ཞུ་དང་ཞབས་ཞུ་ལག་བསྟར་སོགས་ཀྱི་བརྒྱུད་རིམ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ།དགོས་ངེས་མིན་པའི་རྒྱུ་ཆ་སྤྲོད་ལེན་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་བཟོ་དགོས་ཏེ།སྒེའུ་ཁུང་གཅིག་གིས་བདག་སྤྲོད་བྱེད་པའི་དཔེ་དབྱིབས་ཁྱབ་སྤེལ་བྱས་ནས་ལུས་གསོའི་ཞབས་ཞུའི་རེ་ཞུ་ཆེས་མང་ན་ཐེངས་གཅིག་གིས་སྒྲུབ་ཚར་རྒྱུ་མངོན་འགྱུར་བྱས་ཏེ།ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པ་དང་ཇེ་ལེགས་སུ་གཏོང་ཐུབ་པར་འགན་ལེན་བྱས།

ཁྲི་ཀ་རྫོང་གིས་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་ལ་དམིགས་ནས་དམངས་ཚིས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་།རང་འགུལ་ངང་ཁུལ་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ལྟེ་གནས་ལ་མཐུན་སྦྱོར་བྱས་ཏེ་འཕྲང་དམར་གྲོང་རྡལ་དུ་སོང་ནས་རོགས་སྐྱོར་ཡོ་ཆས་སྟེར་བའི་ཞབས་ཞུའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་།དབང་བོ་སྐྱོན་ཅན་ལ་རྐུབ་སྟེགས་འཁོར་ལོ་ཅན་དང་འཁར་བ་སོགས་གཞོགས་འདེགས་ཡོ་བྱད52རིན་མི་དགོས་པར་བྱིན་པ་མ་ཟད།རྫོང་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་དགོས་མཁོ་དངོས་ལ་དམིགས་ནས་བྱིས་པའི་རྐུབ་སྟེགས10བཀོད་སྒྲིག་བྱས་པ་རེད།དུས་མཚུངས་སུ།ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས་ཡུལ་དངོས་སློབ་ཁྲིད་བྱེད་པ་དང་།དངོས་སྤྱོད་འཁྲབ་སྟོན་དང་དོགས་གཞིར་མཛུབ་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་རོགས་འདེགས་ཡོ་བྱད་བེད་སྤྱོད་བྱེད་སྟངས་ལ་འགྲེལ་བཤད་ཞིབ་ཕྲ་བྱས།བདེ་འཇགས་ལ་དོ་སྣང་བྱ་དགོས་པའི་དོན་དག་དེ་ཡོ་བྱད་བེད་སྤྱོད་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་སུ་འགྱུར་བར་འགན་ལེན་བྱས།