ཁུལ་ཨུའི་ཤེས་ལྡན་མི་སྣ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་པ།

《 海南报-藏文 》( 2025年05月28日 第 03 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཨུའི་ཤེས་ལྡན་མི་སྣ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུཿ་བསྡུས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུཿས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་།ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་འདེད་ཚོགས་འདུཿའི་དགོངས་དོན་བཅས་དོན་འཁྱོལ་བྱས་ཏེ།འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས་ཤིང་།2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཀང་གིས་ཚོགས་འདུཿར་མགོ་འཛིན་བྱས་ནས་གཏམ་བཤད་གནང་། ཚོགས་འདུཿ་ལས་མིག་སྔར་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོར་སྐུལ་འདེད་གཏོང་བ་དང་།རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ།མཚོ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་དང་། གློག་རྩིས་མཉམ་དུཿ་འཕེལ་རྒྱས་སུ་གཏོང་བའི་ཐཱན་ཉུང་ཐོན་ལས་ཕྱོགས་གཅིག་ཏུ་འདུཿ་ས།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་ཀྱི་གནས་གལ་ཆེན་ཞིག་ཡིན་པས།ཕྱོགས་གང་ཅིའི་ཐད་ལ་ཤེས་ལྡན་མི་སྣའི་དགོས་མཁོར་བསྐང་དགོས།

ཁུལ་ཡོངས་ཀྱི་གོང་འོང་ཚང་མས་དུཿས་རབས་ཀྱི་འགྲོས་དང་བསྟུན་ཏེ། རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྣེ་ཁྲིད་དེ་ཤེས་ལྡན་མི་སྣའི་ལས་དོན་ལེགས་པོར་བསྒྲུབ་པ་དང་།ནུས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣ་ཕྱོགས་གཅིག་ཏུ་འདུཿ་ས་དང་ལས་སྒྲུབ་ལས་འབྱེད་བྱེད་ས་བསྐྲུན་ཏེ།ཤེས་ལྡན་མི་སྣ་མང་པོའི་འགྲན་རྩོད་ཁྲོད་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ཁྲོད་སྔར་ལས་ལྷག་པའི་ནུས་པ་གལ་ཆེན་བཏོན་ཏེ་བྱས་རྗེས་ཆེན་པོ་འཇོག་དགོས་པར་བསྟན།

ཚོགས་འདུཿ་ལས་ཤེས་ལྡན་མི་སྣ་བསྡུ་བར་ཤུགས་བརྒྱབ་སྟེ། གཙང་གསུམ་གནས་ལ་བློ་གྲོས་འབུལ།མཚོ་སྔོན་གསར་པར་རོགས་སྐྱོར་བྱེད་ཅེས་པའི་ཤེས་ལྡན་མི་སྣའི་ལས་གཞི་ངོ་འཕྲད་གྲོས་མོལ་ཚོགས་འདུཿ་དང་།སློབ་གྲྭར་ཤེས་ལྡན་མི་སྣ་གདན་ཞུ་གནང་བ།པེ་ཅིང་དང་མཚོ་སྔོན་གྱི་ཆེད་མཁས་པའི་ཞབས་ཞུའི་བྱ་འགུལ་སོགས་ཀྱི་སྟེགས་བུ་ལེགས་པོར་བཀོལ་སྤྱོད་བྱེད་པ།སྤུས་ཚད་མཐོ་བའི་སྒོ་ནས་ཁུ་ནུའི་ཤེས་ལྡན་མི་སྣའི་འགུལ་བསྐྱོད་འཆར་འགོད་དང་ནུབ་རྒྱུད་ཀྱི་ཤེས་ཡོན་པའི་འཚམ་འདྲི་སོགས་ཤེས་ལྡན་མི་སྣ་འོས་སྦྱོར་བྱེད་པའི་སྙན་ཞུའི་ལས་དོན་ལེགས་པོར་བསྒྲུབ་སྟེ། ཚན་རྩལ་ལ་སྣེ་ཁྲིད་མཁན་གྱི་ཤེས་ལྡན་མི་སྣ་དང་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ།ཆུ་ཚད་མཐོ་བའི་གསར་གཏོད་ལས་སྐྲུན་དཔུང་ཁག་བཅས་གདན་ཞུ་དང་སྐྱེད་སྲིང་བྱེད་པ།ཐོན་ལས་ཤེས་ལྡན་མི་སྣ་འདུཿས་ཁུལ་གྱི་དམིགས་འབེན་ངེས་གནས་དང་འཕེལ་རྒྱས་ཀྱི་རྣམ་པར་དམ་པོར་དམིགས་ཏེ།ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭ།སྣེ་ཁྲིད་ཁེ་ལས་བཅས་ལ་མཉམ་འབྲེལ་བྱས་ནས་ཤེས་ལྡན་མི་སྣའི་རྒྱུན་ཐག་བསྲིངས་བ། གསར་གཏོད་ཀྱི་རྒྱུན་ཐག་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་འདོན་དགོས། ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས་ཏེ།སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐབས་ལམ་བཙལ་ཏེ།ས་གནས་ཀྱི་སྨན་བཅོས་དང་སློབ་གསོའི་རྐང་འཛིན་པ་མང་པོ་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་དགོས།ཁྱབ་ཁོངས་སོ་སོར་ཆེད་ལས་ཀྱི་གསོ་སྦྱོང་སྤེལ་ནས་ཤེས་ལྡན་མི་སྣའི་ཆེད་ལས་རྩལ་ནུས་དང་སྤྱི་པའི་བྱང་ཚད་མུ་མཐུད་དུཿ་མཐོ་རུ་གཏོང་དགོས། ས་གནས་ཀྱི་ཤེས་ལྡན་མི་སྣ་སྔོག་འདོན་དང་སྐྱེད་སྲིང་བྱས་ནས་རང་ཁུལ་གྱི་དོན་དངོས་དང་མཐུན་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་ངོས་འཛིན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འཚོལ་ཞིབ་བྱས་ཏེ།གཞི་རིམ་གྱི་ཚན་རྩལ་འགག་སྒྲོལ་དང་ལག་རྩལ་ཁྱབ་གདལ་གཏོང་བ།མཐོ་སྒང་གི་ལག་ཤེས་པ་དང་མཐོ་སྒང་གི་སྨན་པ་མང་གྲགས་ཅན་སོགས་རྐང་འཛིན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཇེ་སྟོབས་གཏོང་དགོས།

(འཕྲོ་མ་པར་ངོས3པོར་གཟིགས།)

(པར་ངོས1པོར་མཐུད་པ།)ཤེས་ལྡན་མི་སྣའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།ཁྱོན་ཡོངས་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་དོན་འཁྱོལ་བྱས་ཏེ། ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞི་བསྒྱུར་བཅོས་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ་མི་འདང་སར་ཁ་གསབ་རྒྱུག་དགོས།ཤེས་ལྡན་མི་སྣ་རིགས་དབྱེ་ནས་གདེང་འཇོག་བྱེད་པའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་།གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་གདེང་འཇོག་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་བྱས་ནས། དམིགས་སའི་རང་བཞིན་དང་གནད་འཁེལ་རང་བཞིན་མཐོ་རུ་གཏོང་དགོས།མགོ་ཁྲིད་ལས་བྱེད་པས་ཆེད་མཁས་པར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལུས་པོར་བརྟག་དཔྱད། འཚམས་འདྲི་བྱེད་རྒྱུ་སོགས་དུས་ལྟར་རྩ་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣར་ཞབས་ཞུ་སྒྲུབ་པ་དང་། ཤེས་ལྡན་མི་སྣའི་ཏང་རྩ་འཛུགས་ལ་ངོས་འཛིན་བྱེད་སྟངས་དང་གཏོགས་སེམས་ཆེ་རུ་གཏོང་དགོས། བྱ་བ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ།ཏང་ཨུ(ཏང་ཙུའུ)རིམ་པ་སོ་སོས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་།འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱས་ནས།བསམ་བློ་གཅིག་གྱུར་ཡོང་བར་བྱེད་པ་དང་།་ཁྱབ་ཁོངས་སོ་སོ་དང་སྒྲིག་གཞི་སོ་སོ།ལས་རིགས་སོ་སོ་བཅས་ཀྱི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བཟང་བོ་དང་།ཤེས་ལྡན་མི་སྣའི་གནད་དོན་དངོས་ཐག་གཅོད་བྱས་ནས་གོང་འོག་མཉམ་འགུལ།མཉམ་ལས་ལེགས་པོ།སྤྱི་ཡོངས་ནས་སྐུལ་སྤེལ་བཅས་ཀྱི་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། ཤེས་ལྡན་མི་སྣར་བརྩི་འཇོག་དང་འགན་སྲུང་ནུས་ལྡན་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཅི་ཙུང་དང་ལིའུ་ཡན།ཝེང་ཧྥེང་།དགེ་འདུན་རྒྱལ་ཚོགས་འདུར་ཞུགས།།