- 放大
- 缩小
- 默认
རང་ཁུལ་གྱིས་ཟས་རིགས་བདེ་འཇགས་ཐད་ཆེད་དོན་ལེགས་བཅོས་བྱས་པ།
《 海南报-藏文 》( 2025年05月28日 第 02 版 )
རང་ཚགས་པར་གྱི་འཕྲིན། ཟླ5བའི་ཚེས21ཉིན།གསར་འགོད་པས་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།རང་ཁུལ་གྱིས་ཡུལ་སྐོར་བ་མང་བའི་དུས་སྐབས་ཀྱི་ཟས་རིགས་བདེ་འཇགས་ཆེད་དོན་ལེགས་བཅོས་བྱ་འགུལ་སྤེལ་ཞིང་།མིག་སྔའི་བར།ཟས་རིགས་ཐོན་སྐྱེད་དང་ཚོང་གཉེར་ཁྱིམ་ཚང919ལ་ཞིབ་བཤེར་བྱས་ནས།དུས་ཡུན་ལས་བརྒལ་བ་དང་མེད་པ་གསུམ་གྱི་ཟས་རིགས་བཅས་ཁུག་མ121གཞུང་བཞེས་བྱས།ཚོང་ཁང37ལ་དག་ཐེར་ཡོ་བསྲང་བྱེད་དུ་བཅུགཟས་རིགས་བདེ་འཇགས་སྐོར་གྱི་ཁྲིམས་འགལ་གྱོད་གཞི33ཐག་གཅོད་བྱས་ཤིང་། ཆད་པ་དང་གཞུང་བཞེས་བྱས་པའི་སྒོར་ཁྲི21.3ཟིན་པ་དང།གྱོད་དོན17ཐག་གཅོད་བྱེད་བཞིན་པའི་སྒང་ཡིན་ལ།ཡུལ་སྐོར་ལྗོངས་ཁུལ་གྱི་ཟས་རིགས་བདེ་འཇགས་བྱ་བར་འགན་སྲུང་བྱས།
རྒྱུས་ལོན་པ་ལྟར་ན།ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བརྒྱུད་རིམ་ཡོངས་སུ་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁའི་བྱུར་རྐྱེན་མེད་པར་བཟོ་རྒྱུ་དེ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དེའི་ཉེ་འཁོར་ཚོང་ར།སྒོ་རྩིས་ཚོང་ཁང་།བཟའ་བཏུང་ཞབས་ཞུའི་ལས་ཁུངས།ཞིང་ཁྱིམ་སྤྲོ་གསེང་གླིང་།འབྲོག་ཁྱིམ་སྤྲོ་གསེང་གླིང་སོགས་གཙོ་གནད་ས་ཁོངས་སུ་བཟུང་ནས།ནུས་ཤུགས་གཅིག་བསྡུས་ཀྱིས་ལག་ཁྱེར་དང་ལས་གཉེར་མི་སྣའི་དོ་དམ།ཟས་རིགས་རྒྱུ་ཆ་ཉོ་སྒྲུབ།ལས་སྣོན་བཟོ་སྐྲུན།ཉར་འཇོག་སྐྱེལ་འདྲེན།བཟའ་བཏུང་ཡོ་བྱད་གཙང་བཀྲུ་དང་དུག་སེལ་སོགས་ཀྱི་འགག་རྩའི་གོ་རིམ་ཁྱོན་ཡོངས་ནས་གྲལ་བཤེར་དང་།ཁྲིམས་དང་མི་མཐུན་པར་སྦྱོར་རྟ་དང་བྲིན་འཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ནས།ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་དུས་ཐོག་ཏུ་སེལ་བ་དང་།ཕྱིར་ལྟའི་ཚུལ་དུ་ཡང་བསྐྱར་ཞིབ་བཤེར་བྱས་ནས་གནད་དོན་དག་ཐེར་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ནས་ཞིབ་བཤེར་དང་དག་ཐེར་ཡོ་བསྲང་།བསྐྱར་བཤེར་དང་རིམ་སྤར་བར་གྱི་དོ་དམ་ལམ་སྲོལ་ཆགས་པར་བྱས།
ཐེངས་འདིའི་ལེགས་བཅོས་བྱ་འགུལ་ཁྲོད་ཁྲིམས་བསྟར་དང་ཁྲིམས་ལུགས་ཁྱབ་གདལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དྲིལ་སྒྲོག་སློབ་གསོ་དེ་སྒྲིག་བཅོས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཞིབ་བཤེར་དང་དྲིལ་སྒྲོག་བྱེད་པ། ཕྱོགས་གཅིག་ནས་ཚད་ལྡན་ཡོང་བ་བཅས་ཀྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་ཚོང་གཉེར་བར་ཟས་རིགས་བདེ་འཇགས་ཀྱི་རྨང་གཞིའི་ཤེས་བྱ་དང་སྤྱོད་མི་ཆོག་པའི་ཤེས་བྱ་ཁྱབ་གདལ་བཏང་ཞིང་།ཟས་རིགས་ཀྱི་རྒྱུན་ཤེས་གཟབ་ནན་གྱིས་བཀོལ་བ་དང་།ཟས་རིགས་བདེ་འཇགས་སྐོར་གྱི་ལྔ་བསྐྱོད་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་སྤེལ་ནས་ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།ཚན་རྩལ་ཁྱབ་སྤེལ་གྱི་ཤེས་བྱ་དང་དཔེ་མཚོན་གྱོད་དཔེ།མང་ཚོགས་ཀྱི་རང་སྲུང་འདུ་ཤེས་ཇེ་མཐོར་བཏང་བ་དང་།ཡུལ་སྐོར་ཁྲོམ་རའི་ཚོང་གཉེར་བར་ཁྲིད་སྟོན་བྱས་ནས་རང་གཅུན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་།
དུས་མཚུངས་སུ།ཡུལ་སྐོར་དང་སྤྱི་བདེ།ཕྱོགས་བསྡུས་ཁྲིམས་འཛིན་བཅས་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་གསེར་ཉ་འཛིན་མི་ཆོག་པ་དང་ཟས་རིགས་གཡོས་སྦྱོར་ཚད་ལྡན་སོགས་ཀྱི་གསོ་སྦྱོང་དྲིལ་སྒྲོག་ཚོགས་འདུ་ཐེངས10བསྡུས་པ་དང་།མཉམ་འབྲེལ་ཁྲིམས་འཛིན་བྱ་འགུལ་ཐེངས7ལ་སྤེལ་ནས།ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱས་ཤིང་།སྔར་ལས་ལྷག་པའི་སྒོ་ནས་ཡུལ་སྐོར་ལྗོངས་ཁུལ་གྱི་ཟས་རིགས་ཚོང་གཉེར་འགན་འཁྲི་གཟབ་ནན་དུ་བཏང་སྟེ། ཡུལ་སྐོར་བའི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་བྱས།
ཟླ4བའི་ཚུན་ལ། ཟས་རིགས་བདེ་འཇགས་ཞུ་གཏུག་ཐེར་འདོན་གྱོད་གཞི75ཐག་གཅོད་བྱས་ཤིང་།དཔལ་འབྱོར་གྱོང་གུན་སྒོར་ཁྲི0.5ཇེ་ཉུང་དུ་བཏང་།ཡུལ་སྐོར་ཁྲོམ་རའི་ཞུ་གཏུག་ཐེར་འདོན་གྱོད་གཞིའི་ཁུངས་སྣེ་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས། ཟས་རིགས་ཁྲིམས་འགལ་ལུགས་འགལ་ངང་ཚོང་གཉེར་བྱེད་པའི་བྱ་སྤྱོད་གཟབ་ནན་གྱིས་ཐག་གཅོད་བྱས་ཏེ།ཡུལ་སྐོར་བས་ཟས་རིགས་ལོངས་སྤྱོད་བྱེད་པར་བདེ་འཇགས་ཀྱིས་འགན་སྲུང་བྱས།
ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆེད་དོན་ལེགས་བཅོས་དང་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ།ཁག་གཅིག་སྒྲིག་བཅོས་བྱེད་པ་དང་།ཁག་གཅིག་སྣེ་ཁྲིད་བྱེད་པ།ཁག་གཅིག་ཚད་ལྡན་དུ་གཏོང་བ།ཁག་གཅིག་རིམ་སྤར་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ།ཡུལ་སྐོར་ལྗོངས་ཁུལ་གྱི་ཟས་རིགས་ཚོང་གཉེར་ལས་ཁུངས་ཀྱི་ཚོང་གཉེར་ཆ་རྐྱེན་ལེགས་བསྒྱུར་བྱེད་པར་ཁྲིད་སྟོན་བྱས་ནས།བཟའ་བཏུང་ཆུང་གྲས་དང་ཟས་རིགས་ཆུང་གྲས་ལ་གཅིག་བསྡུས་ཀྱིས་གཉེར་སྐྱོང་བྱེད་དུ་བཅུགཟས་རིགས་འཛད་སྤྱོད་ཁྱད་ཆོས་དང་དུས་ཚོགས་སོགས་ལ་དམིགས་ནས་དུས་ཐོག་ཏུ་ཟས་རིགས་བདེ་འཇགས་འཛད་སྤྱོད་སྔོན་བརྡ་བཏང་ནས། འཛད་སྤྱོད་པའི་ཟས་རིགས་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་བ་དང་།བསྡོམས་པས་ཟས་རིགས་བདེ་འཇགས་འཛད་སྤྱོད་གསར་བརྡ15བཏང་།།