- 放大
- 缩小
- 默认
ཀརྨ་ཕུན་ཚོགས་ཀྱིས་གུང་ཧོ་རྫོང་ནས་ཡིག་སྐུར་ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱས་པ།
《 海南报-藏文 》( 2025年05月28日 第 02 版 )
རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་གུང་ཧོ་རྫོང་དུ་ཡིག་སྐུར་ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་སྐུར་ངོ་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་དང་མི་དམངས་ལ་བརྩེ་བ་བཅངས་པ། འགན་འཁྲི་ལེགས་པོར་འཁུར་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཏེ།མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བྱ་དགོས་པ་བསྟན།
ཡིག་སྐུར་ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱེད་པའི་ཁྲོད།ཀརྨ་ཕུན་ཚོགས་ཀྱིས་ཡིག་སྐུར་ངོ་བཅར་ལ་ཡོང་བའི་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ།དོན་དག་གི་མགོ་མཇུག་ལ་འདྲི་རྩད་དང་གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། ཡུལ་དངོས་ནས་ཐག་གཅོད་བྱེད་པའི་ཇུས་གཞིར་ཞིབ་འཇུག་བྱས་ཤིང་། ཁོངས་གཏོགས་ས་གནས་དང་འབྲེལ་ཡོད་སྡེ་ཁག་གིས《ཡིག་སྐུར་ངོ་བཅར་བྱ་བའི་སྲོལ་ཡིག》དོན་འཁྱོལ་བྱ་དགོས་པའི་རེ་བ་བཏོན། མང་ཚོགས་ཀྱིས་དོ་ཁུར་དང་བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ།གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ།མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་གང་ཐུབ་བཅས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྐུལ་འདེད་བཏང་།
ཀརྨ་ཕུན་ཚོགས་ཀྱིས་ཡིག་སྐུར་ངོ་བཅར་བྱ་བ་ནི་དམངས་ཀྱི་གནས་ཚུལ་རྒྱུས་ལོན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད།དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་།ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་ལྟ་བུ་དང་། ལས་བྱེད་པའི་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པའི་རྒྱ་མ་ལྟ་བུ་ཡིན།རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ལངས་ཕྱོགས་དང་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ།འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་སེལ་བ་དང་རྩ་བ་ནས་ཐག་གཅོད་བྱས།བྱེད་སྟངས་དང་བྱེད་ཐབས་རྒྱུན་མཐུད་ངང་ལེགས་བཅོས་དང་།གནད་དོན་ཡར་ཞུ་བྱེད་པའི་ཐབས་ལམ་ཇེ་བདེ་ཡོང་བ།གནད་དོན་མང་པོར་དམིགས་པ།འབྱུང་རྩར་དབྱེ་ཞིབ་ལེགས་པོར་བྱེད་པ།རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་བྱས་ནས།གཏུག་བཤེར་གྱི་རེ་ཞུ་རེར་ལན་སློག་པ།རིགས་གཅིག་གི་གནད་དོན་ཐག་གཅོད་བྱེད་པ།ཁྱབ་ཁོངས་གཅིག་མཐོར་འདེགས་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།།