རྒྱལ་ཁབ་ནུས་ཁུངས་ཀུང་ཟིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

《 海南报-藏文 》( 2025年05月28日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉིན་འདི་འགའི་རིང་ལ།རྒྱལ་ཁབ་ནུས་ཁུངས་གུང་ཧོ་ནུས་རྒྱུ་གསར་བའི་གསར་སྤེལ་ཚད་ཡོད་ཀུང་ཟིས་ཞིབ་ཚགས་ཀྱིས་རྩ་འཛུགས་དང་བཀོད་སྒྲིག་ནན་མོ་བྱས་ཏེ།སློབ་སྦྱོང་དང་བསམ་བློ།ལག་ལེན།གོ་རྟོགས་བཅས་ཀྱི་གོ་རིམ་བཞི་མཉམ་འགུལ་བྱས་ནས།སློབ་སྦྱོང་སློབ་གསོ་སེམས་སུ་འཇགས་པ་དང་བྱ་སྤྱོད་དངོས་དང་ཕན་ནུས་ཐོན་པར་སྐུལ་འདེད་བཏང་ནས།ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

གུང་ཧོ་ཀུང་ཟི་ཏང་ཨུས་མགོ་པའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱིས་སློབ་གསོའི་བྱ་བའི་ཇུས་གཞིར་བརྟེན་ནས་སློབ་སྦྱོང་དང་སློབ་གསོའི་བྱ་བའི་གཙོ་གནད་བྱ་བ14ཁ་གསལ་བཟོས་ཡོད།གྲོས་དོན་དང་པོ་དང་རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་བྱ་རྒྱུ་དམ་འཛིན་བྱ་རྒྱུ་གཙོར་བཟུང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཏང་ཨུའི་ལོ་གཅིག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་འཆར་གཞིའི་ནང་དུ་བཅུག་སྟེ་ཚན་པས་སྣེ་ཁྲིད་དེ་མི་ཐེངས8ལ་ཆེད་དོན་དཔྱད་གླེང་བྱས།སེམས་ཀྱི་མྱོང་ཚོར་ཁག10བྲིས་ནས་སློབ་སྦྱོང་དང་སློབ་གསོ་སྔོན་ལ་སློབ་སྦྱོང་དང་སློབ་གསོའི་རིམ་པ་དང་པོར་སླེབས་པར་སྐུལ་འདེད་གཏོང་བ་དང་།ཀུང་ཟིའི་ཁྱབ་ཁོངས་སུ་མགྱོགས་མྱུར་ངང་སློབ་སྦྱོང་དང་སློབ་གསོའི་ཚ་རླབས་འཕྱུར་བར་བྱས།

ཏང་ཀྲི་པུའུ་སོ་སོས་ཚོགས་འདུ་གསུམ་དང་སློབ་ཚན་གཅིག བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་སོགས་སློབ་སྦྱོང་གཞི་རྟེན་ལ་བརྟེན་ནས།ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་སློབ་སྦྱོང་དང་གྲོས་བསྡུར་བྱ་འགུལ་ཧུར་ཐག་སྒོས་ཞུགས་ཤིང་།སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་།བློ་རིག་ལས་སྟེགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ།སློབ་སྦྱོང་དཔྱད་གཞིའི་ཡིག་རིགས་ཁག་བརྒྱད་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དཔྱད་གཞིའི་ཡིག་ཆ་བཀྲམ་པ་དང་།སློབ་སྦྱོང་འགྲེམས་པང་བཟོ་བ་སོགས་ལ་བརྟེན་ནས་གནད་ཆུང་བས་བརྗོད་བྱ་གཙོ་བོར་དབྱེ་ཞིབ་བྱས་ཏེ།སློབ་སྦྱོང་དང་སློབ་གསོའི་ཐད་མི་གཅིག་ཀྱང་མི་ལུས་པ་དང་སློབ་ཚན་གཅིག་ཀྱང་མ་ལུས་པར་འགན་ལེན་བྱས།

དུས་མཚུངས་སུ་ཏང་ཡོན་ཡོངས་ལ་སློབ་སྦྱོང་དང་སློབ་གསོའི་དཔེ་ཆ་ནུས་ཤུགས་ཡོད་རྒུས་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་།ཏང་ཡོན་གྱིས་ཆུ་ཚོད་བརྒྱད་ཕུད་པའི་སློབ་སྦྱོང་ལ་དམ་འཛིན་བྱ་དགོས།ཀུང་ཟིའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་འགག་རྩའི་ཉུང་ཤས་དང་གཙོ་གནད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མི་སྣར་གཅིག་སྡུད་ཀྱིས་སློབ་གསོའི་གྱོད་དཔེ་གསར་ཤོས་ཤིག་འབྲི་བཞིན་ཡོད། དཔེ་མཚོན་རང་བཞིན་དང་ཚབ་བྱེད་རང་བཞིན་ལྡན་པའི་གྱོད་དཔེ་བདམས་ནས་སློབ་སྦྱོང་དང་སློབ་གསོ་མངོན་འགྱུར་ཡོང་བར་བྱ་དགོས།

དུས་ཐོག་ཏུ་བཅོས་སྒྱུར་དང་ཡུན་རིང་ལག་བསྟར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་།ལྡོག་ཕྱོགས་ཀྱི་ཞིབ་ཐོ།མགོ་ཁྲིད་ཚན་པ་དང་།ཚན་པའི་ཁོངས་མི།སྡེ་ཁག་སོ་སོ་བཅས་ཀྱིས་ཞིབ་བཤེར་དང་གསལ་སྟོན་གཏིང་ཟབ་བྱས་ནས་དག་ཐེར་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱ་དགོས།གཟའ་འཁོར་རེར་ལྟ་སྐུལ་ཞིབ་བཤེར་དང་ཟླ་རེར་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགས་ནས་དག་ཐེར་དང་སྐུལ་འདེད་གཏོང་བའི་གནས་ཚུལ་ཟླ་བའི་འཆར་ཅན་གྱི་ཚོགས་འདུའི་ནང་བཅུག་ནས་བརྡ་ཁྱབ་གཏོང་བ་དང་དུས་མཚུངས་སུ་ཞིབ་བཤེར་གསལ་སྟོན་གྱི་གནད་དོན་ལ་དམིགས་ནས་དོ་དམ་དང་མཐོ་རུ་གཏོང་བའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ།འབྲེལ་ཡོད་ལམ་ལུགས་བཅོས་སྒྲིག་དང་འཐུས་ཚང་དུ་བཏང་ནས་འགྱུར་མེད་གཅུན་འདོམས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་སྐྱོང་ཕུགས་ཕན་འགན་ལེན་བྱ་དགོས།