འིཁང་ར་མང་བའི་འིཇིག་རྟེན།

རྩེ་ཁམ་བུ།༼རྨ་ལྷོ།༽

《 海南报-藏文 》( 2025年03月26日 第 04 版 )

ཉི་མས་ཕྱི་མིག་འཕེན་བཞིན་ནུབ་རིར་བཞུད་པ་འཁང་ར།

ཟླ་བས་འཁྲེང་སེམས་སྐྱོར་བཞིན་མཁའ་མཐར་འཛུམ་པ་འཁང་ར།

སྐར་མས་འོད་དཀར་ཆེམ་ཆེམ་ཟུར་མིག་འཕེན་པ་འཁང་ར།

མེ་ཏོག་གི་འདབ་ལོ་འཐོར་བ་འཁང་ར།

ཕྱེ་ལེབ་ཀྱི་ལྡིང་སྐོར་མེད་པ་འཁང་ར།

ཡིད་འོང་ལ་རེ་བ་ཆད་པ་འཁང་ར།

རོགས་དན་བྱས་ན་འཁང་ར།

ཁ་རོག་བསྡད་ན་འཁང་ར།

མགྲོན་པོའི་མང་ཉུང་འཁང་ར།

གུ་ཡངས་མི་གཏོང་བ་འཁང་ར།

དང་ལེན་མི་ནུས་པ་འཁང་ར།

སྡུག་སྐད་ཤོར་བ་འཁང་ར།

ཡིན་མདོག་གིས་འགྱིང་བ་འཁང་ར།

ཨུ་ཚུགས་ཀྱིས་སྐྱེལ་བ་འཁང་ར།

རང་གིས་རང་བརླག་པ་འཁང་ར།

ནམ་ལངས་ན་འཁང་ར།

ས་རུབ་ན་འཁང་ར།

རྫོགས་མཐའ་མེད་པའི་འཁང་ར།