སྤྲན་པ་རྒྱུ་སྟངས་ཤིག
ཁངས་མ། ༼ཡུལཤུལ།༽
《 海南报-藏文 》( 2024年11月13日 第 04 版 )
ལིང་ལིང་གར་དུ་བསྒྱུར་བའི་ཆུ་འཛིན་གྱི་འདབ་མ།།ཤར་ནས་ནུབ་ལ་ཕྱོགས་ཏེ་བྲེལ་འཚུབ་ངང་རྒྱུ་དུས།།བདག་གི་སེམས་ཀྱི་མཐོངས་སུ་ཕ་ཡུལ་གྱི་རྣམ་པ།།མ་བོས་ལུས་པ་མེད་པར་ཞེ་མཁའ་རུ་འཆར་འདུག།ཡིད་འཕྲོག་ཉམས་སུ་དགའ་བའི་དབེན་པ་ཡི་ཚལ་དུ།ཡང་ཡང་གཤོག་འགྱུར་ངོམ་ལ་བྱང་ཆུབ་པའི་སྐྱུང་ཁྱུ།ཕན་ཚུན་མགྲིན་དབྱངས་སྙན་པའི་སྒྲ་སྐད་དང་བཅས་ཏེ།ང་ཡི་ཕྱོགས་ཀྱི་ནམ་མཁའ་གཡོ་སྟངས་འདི་མཚར་སོང་།།འདང་མིག་ཡང་ཡང་འཁོར་སའི་རྒྱང་རིང་གི་ཡུལ་གྲུ།གཟུགས་མེད་རླུང་དང་འགྲོག་སྟེ་ཞེ་འདི་རུ་ལྡང་དུས།ཁྱོད་ཕྱོགས་ནམ་མཁའ་དེ་རུ་སྐྱོད་འདོད་ཀྱི་སེམས་པ།ཕལ་བའི་མི་ཡིས་རྟོགས་པའི་ཡུལ་རུང་ཞིག་མ་རེད།།མཛེས་པའི་དཔལ་ནི་ཁྱོད་ལས་འགོངས་པ་རང་འདུག་ལ།ལྷག་པའི་ནོར་ཡང་ཁྱོད་ལ་ཁྱད་འཕགས་ཤིག་མེད་ཀྱང་།།ཡིད་འཕྲོག་ཞེ་འདང་ཟབ་པའི་ཉི་ཟླ་དང་ཆ་གཅིག།ཕ་མ་ཁྱེད་གཉིས་ཡོད་སའི་གནས་ཡུལ་དེར་སྐྱིད་སྣང་།།