ཡུལ་གཞན་དུ་གྱར་བའི་རིག་དངོས56ཕྱིར་ལོག་པ།

《 海南报-藏文 》( 2024年11月13日 第 03 版 )

ཟླ11ཚེས9ཉིན་གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱས་པར་ལྟར་ན།ཡུལ་གཞན་དུ་གྱར་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས56ཉེ་ཆར་དབྱི་ཐ་ལི་ནས་མེས་རྒྱལ་གྱི་པང་དུ་ལོག་པ་རེད།

ངོ་སྤྲོད་བྱས་པར་ལྟར་ན།2022ལོའི་ཟླ10པ་དང2024ལོའི་ཟླ4པར།དབྱི་ཐ་ལིའི་རིག་དངོས་དམག་སྲིད་ཉེན་རྟོག་པས་རང་རྒྱལ་ལ་རྩད་ཆོད་པའི་ཀྲུང་གོའི་རིག་དངོས་ཆ་འཕྲིན་འདྲ་པོ་ཁག3དང་ཁག53བརྡ་ཁྱབ་བཏང་བ་རེད།རྒྱལ་ཁབ་རིག་དངོས་ཅུའུ་ཡིསས་རིགས་གཅིག་མཁས་ཅན་གྱི་གསལ་འབྱེད་དང་བཅའ་ཁྲིམས་ཀྱི་ཞིབ་འཇུག་བརྡར་གཅོད་བྱས་འབྲས་གཞིར་བཟུང་།དབྱི་ཐ་ལི་ཕྱོགས་ལ་ཞིབ་ཅིང་ཕྲ་བའི་གསལ་འབྱེད་བསམ་འཆར་དང་བཅའ་ཁྲིམས་ཀྱི་གཞི་འཛིན་སའི་སྙན་ཞུ་མཁོ་འདོན་བྱས་པ་དང་།ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དབྱི་ཐ་ལི་སྲིད་གཞུང་ལ་དངོས་སུ་ཕྱིར་སློག་དགོས་པའི་རེ་བ་བཏོན་པ་དང་།དབྱི་ཐ་ལི་ཕྱོགས་ཀྱིས་གོང་གསལ་རིག་དངོས་སྒྱུ་རྩལ་ཐོན་རྫས56ཕྱིར་བསློག་རྒྱུའི་ཐག་བཅད་པ་རེད།

(ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར།)