མཚོ་སྔོན་དང་བོད་ལྗོངས་བར་སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད་ཐུབ་པ་བྱུང་བ།

《 海南报-藏文 》( 2024年11月13日 第 03 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།མཚོ་སྔོན་དང་བོད་ལྗོངས་བར་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་སྤྱོད་ཀྱི་མཛད་སྒོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བསྡུས་པ་དེས་ཞིང་ཆེན་གཉིས་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་སྤྱོད་ཞབས་ཞུ་དངོས་སུ་སྤྱོད་མགོ་ཚུགས་པ་མཚོན་ཡོད།

མགོ་འཛུགས་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་མཚོ་སྔོན་དང་བོད་ལྗོངས་བར་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་སྤྱོད་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་སྤྱོད་བྱེད་པའི་ཞབས་ཞུའི་དོ་དམ་བྱེད་སྟངས་བཙུགས་པ་དེས་མཚོ་སྔོན་དང་བོད་ལྗོངས་གཉིས་སུ་སྤྱི་ཚོགས་འགན་བྱང་བུ་སྤྱོད་སྐབས་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུ་དང་འགྲིམ་འགྲུལ། ཡུལ་སྐོར། སྨན་བཅོས་དང་སྨན་ཉོ་བ་སོགས་ཁྱབ་ཁོངས་བརྒལ་བའི་ས་ཁུལ་དུ་གྲོང་ཁྱེར་དེ་དང་ཚད་གཞི་གཅིག་མཚུངས་ཀྱིས་བྱང་བུ་སྤྱད་ཆོག་པ་རེད།རྒྱུས་ལོན་བྱས་པ་ལྟར་ན། མི་ཤུགས་ཐོན་ཁུངས་ཀྱི་ཁྱབ་ཁོངས་སུ་ས་གནས་གཉིས་གའི་སྤྱི་ཚོགས་འགན་སྲུང་བྱང་བུ་ལེན་རྒྱུའི་རེ་ཞུ་དང་། སྐུལ་སློང་། གསར་བརྗེ། བོར་ཐོ་འགོད་པ་དང་གསང་གྲངས་བཟོ་བཅོས་སོགས་ལས་སྒོ10དེ་སྒྲུབ་ཆོགརྗེས་ཕྱོགས་ད་དུང་ལས་ཞུགས་ལས་སྐྲུན་དང་།སྤྱི་ཚོགས་འགན་སྲུང་།མི་དོན་ཀྱི་བྱ་བ་དང་ངལ་རྩོལ་དང་འབྲེལ་བའི་བྱ་བ་སོགས་ཀྱི་ཁྱབ་ཁོངས་ཀྱི་ཞབས་ཞུ་སྒྲུབ་ཆོག་པ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་མཚོ་སྔོན་དང་བོད་ལྗོངས་བར་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་སྤྱོད་བྱས་པ་དེས་ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བ་མཉམ་ལས་བྱེད་པར་སྟབས་བདེ་བཟོས་ཡོད་པར་མ་ཟད། མཉམ་དུ་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་གཉིས་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བས་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། རྗེས་མར་ས་གནས་གཉིས་ཀྱིས་ད་དུང་སྤྱི་བའི་སྤྱི་ཚོགས་འགན་སྲུང་བྱང་བུ་སྤྱོད་པ་དང་སྤོ་སྒུལ་རྒྱུད་ནས་དངུལ་སྤྲོད་པ་སོགས་ཀྱི་དམངས་ཚིས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་དང་། ས་ཁོངས་མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དམངས་ཕན་སྲིད་ཇུས་ལེགས་པོར་སྤེལ་བར་ཤུགས་བརྒྱབ་ནས་སྤྱི་ཚོགས་འགན་སྲུང་བྱང་བུ་གཅིག་སྤྱོད་བྱེད་པ་དེས་དམངས་ལ་སྟབས་བདེ་སྐྲུན་པར་ཤུགས་རྒྱུ་ཡིན་ཟེར།།