- 放大
- 缩小
- 默认
རང་ཁུལ་གྱིས་ཐོན་ལས་སྣ་མང་དར་སྤེལ་བཏང་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་པ།
《 海南报-藏文 》( 2024年11月13日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།གསར་འགོད་པའི་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན།མིག་སྔའི་བར།ཁུལ་ཡོངས་སུ་བསྡོམས་པས་ཐོན་སྐྱེད་རྟེན་གཞི85བཙུགས་ནས་ཞིང་ཆེན་ཕྱི་ནང་དུ་ནོར་ལུག་གི་ཤ་ཏུན་ཁྲི16.11དང་ནས་ཏུན་ཁྲི20.73།པད་ཁ་ཏུན་ཁྲི7.92དང་།ཉ་ཏུན་ཁྲི4.06ཕྱིར་གཏོང་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས་བ་རེད།
རང་ཁུལ་གྱིས་ཕྱོགས་སོ་སོར་མཉམ་འབྲེལ་བྱས་ཏེ་གཅིག་མཐུན་གྱི་བྱ་བའི་ལམ་སྲོལ་བཙུགས་ཤིང་།ནོར་དང་ལུགནས།པད་ཁ།ཉ།གཟན་རྩྭ་སོགས་སྤུས་ལེགས་ཀྱི་ཐོན་ལས་ལ་བརྟེན་རྒྱལ་ཁབ་རིམ་པའི་བོད་ལུག་ཐོན་ལས་གླིང་དང་ཞིང་ཆེན་རིམ་པའི་གཟན་རྩྭའི་ཐོན་ལས་གླིང་།ནོར་ཤ་དང་ནས་ཀྱི་ཐོན་ལས་གླིང་བཅས་ཀྱི་ཐོན་ལས་འདུས་ཚོགས་དང་འདེབས་འཛུགས།གསོ་སྤེལ་རྟེན་གཞི།དེང་རབས་ཉ་ལས་གསོ་སྤེལ་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར44.57དོན་འཁྱོལ་བྱས་ནས་ལས་གཞིའི་རིགས743ལག་བསྟར་བྱས་ཡོད།
རྩྭ་ཕྱུགས་དོ་མཉམ་པ་དང་འདེབས་འཛུགས་དང་གསོ་སྤེལ།ལས་སྣོན་བཅས་ཟུང་དུ་སྦྲེལ་བ།ཐོན་སྐྱེད་དང་མཁོ་སྤྲོད།ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ལམ་བཙུགས་ཤིང་།ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ།ཁུལ་ཡོངས་སུ་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས50གསོ་སྐྱོང་བྱས་པ་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང683དང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ1313བཙུགས་པར་མ་ཟད།ཐོན་ལས་ཅན་གྱི་མཉམ་འབྲེལ་མཐུན་ཚོགས6བཙུགས་ནས་ནོར་ལུག་གི་ཤ་དང་ནས་བཅས་ཀྱི་ཐོན་ལས་འདུས་ཚོགས་ཀྱི་ལས་གཞི3ལག་བསྟར་བྱས།ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་ས་ཚིགས37བཙུགས་ནས་ཉ་ཡི་ཐོན་ཚད་ཏུན15945ལ་སླེབས་པ་དེས་རྒྱལ་ཡོངས་ཀྱི30%ཙམ་འཛིན་ཐུབ་པ་བྱུང་ལ།གཟན་རྩྭའི་ཐོན་རྫས་ལས་སྣོན་ཁེ་ལས5སྐྱེད་སྲིང་བྱས་ནས་ཐོན་ཚད་མཐོ་བའི་ཐོན་སྐྱེད་རྟེན་གཞི་བཙུགས་པ་དེར་སྤྱི་ཆིང་ཁྲི3ལས་བརྒལ་བའི་གཟན་རྩྭ་ཐོན་ཐུབ་པ་བྱུང་ཡོད།
རང་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་དམིགས་ནས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་ཐཱན་ཉུང་བ།སྐྱེ་ལྡན་འཁོར་རྒྱུག་དོ་མཉམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་འཁྱོངས་བྱས་ཤིང་།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་རྩ་འཛུགས་ཅན་དུ་འགྱུར་ཚད70%ལ་ཐོན་ཏེ་སྐྱེ་ཁམས་དང་དཔལ་འབྱོར་ཕྱོགས་ལ་ཕན་འབྲས་གཉིས་ལྡན་ཀྱི་འབྲས་བུ་བླངས་ཡོད་པ་རེད།ཁུལ་ཡོངས་ཀྱི་སྣེ་འདྲེན་ཁེ་ལས206དང་སྡེ་བ་རིམ་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཁྱད་ལྡན་ཐོན་རྫས་རིགས10ཡི་སྣ་ཁ400ལྷག་ཙམ་ངོ་སྤྲོད་བྱས་པ་དང་།དྲ་ལམ་དང་ཡུལ་དངོས་ཀྱི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི933.88ལས་བརྒལ་ཐུབ་པ་བྱུང་ཡོད།།