རང་ཁུལ་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར7.0%འཕར་བ།
《 海南报-藏文 》( 2024年11月13日 第 02 版 )
རང་ཚགས་པར་གྱི་འཕྲིན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་ཆེ་མཐོང་སྲིད་ཇུས་རིགས་དོན་ཐོག་ཏུ་འཁྱོལ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ཤུགས་བརྒྱབ་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོའི་ངང་ཡར་འཕེལ་གྱི་ཁྱད་ཆོས་མངོན་ཡོད།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་པའི་འབྲས་བུར་བལྟས་ཡོང་ན།ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར137.28མངོན་འགྱུར་བྱུང་བ་དང་།འགྱུར་མེད་ཀྱི་རིན་གོང་ལྟར་རྩིས་བརྒྱབ་ན།ལོ་སྔོན་མའི་དུས་ལས7.0%ཡར་འཕར་ཏེ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་།ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས0.9ཡར་འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་གི་འཕར་ཚད་སྒོར་དུང་ཕྱུར18.45ཟིན་ནས་འཕར་ཚད4.1%ཡར་འཕར་ཏེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གཞི་གྲངས0.7འཕར་བར་ནུས་པ་ཐོན་ཡོད་པ་དང་།ཐོན་ལས་གཉིས་པའི་རིན་ཐང་གི་འཕར་ཚད་སྒོར་དུང་ཕྱུར78.77ཟིན་ནས། འཕར་ཚད11.4%ཡར་འཕར་ཏེ་ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས1.4ཡར་འཕར་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གཞི་གྲངས6.0ཡར་འཕར་བར་ནུས་པ་ཐོནཡོད།ཐོན་ལས་གསུམ་པའི་རིན་ཐང་གི་འཕར་ཚད་སྒོར་དུང་ཕྱུར40.06ཟིན་ནས་འཕར་ཚད1.1%ཡར་འཕར་ཏེ་ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས0.4ཡར་འཕར་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་བརྒྱ་ཆའི་གཞི་གྲངས0.3ཡར་འཕར་བར་ནུས་པ་ཐོན་ཡོད།ལོ་སྟོད་དང་བསྡུར་ཏེ་བལྟས་ན་ཐོན་ལས་གསུམ་པར་ཐོན་འབབ་དམའ་བ་དང་།ཐོན་ལས་གཉིས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བཞིན་ཡོད་པ་དང་། ཐོན་ལས་གསུམ་པ་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་བཅས་ཀྱི་རྣམ་པ་མངོན་ཡོད།