རང་ཁུལ་གྱི་ལུག་ཤ་པེ་ཅིང་གི་ཚོང་རར་བྲིན་པ།

《 海南报-藏文 》( 2024年11月13日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཁུལ་ཞིང་ཕྱུགས་ཅུའུ་དང་ཁུལ་མཁོ་ཚོང་མཉམ་འབྲེལ་ཁང་།གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་དང་དེ་མིན་ཁུལ་ནང་གི་ནུས་ཁུངས་གསར་པའི་ཁེ་ལས13རྩ་འཛུགས་བྱས་ཏེ་བོད་ལུག་གི་ཤ་པེ་ཅིང་གི་ཚོང་རར་བཀྲམ་པའི་བྱ་བའི་མཐུན་སྦྱོར་ཚོགས་འདུ་བསྡུས་ཏེ་རང་ཁུལ་གྱི་འོད་བསྡུ་ས་ཁུལ་གྱི་རྩྭ་རར་གསོ་སྐྱོང་བྱས་པའི་ལུག་ཤ་དག་མའི་ཐོན་རྫས་ཐོག་དང་པོར་པེ་ཅིང་གི་ཚོང་རར་བཀྲམ་པའི་བྱ་བར་རྨང་གཞི་བཏིངས།

བོད་ལུག་གི་ཤ་པེ་ཅིང་གི་ཚོང་རར་བཀྲམ་པའི་བྱ་བ་འདི་ནི་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་བཏོན་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་རྒྱལ་ཁབ་ཀྱིས་རྒྱལ་ནང་གི་འཁོར་རྒྱུག་དང་ནང་མཁོའི་འཛད་སྤྱོད་ལ་ཡར་སྐུལ་བྱེད་པ་དང་།ཤར་རྒྱུད་དང་ནུབ་རྒྱུད་བར་མཐུན་སྦྱོར་བྱེད་པ།ཁེ་ལས་དང་ས་ཁུལ་བར་མཉམ་འབྲེལ་བྱས་ཏེ་ཕན་ཚུན་བར་ཁེ་ཕན་བསྐྲུན་པའི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་ཅིག་ཡིན་ལ།ཁུལ་ནང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་ཕན་ནུས་ཐོན་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།

ཚོགས་འདུའི་སྟེང་ནུས་ཁུངས་གསར་པའི་ཁེ་ལས་ཀྱི་འགན་འཁུར་བ་དག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་བ་དང་ཁེ་ལས་ཀྱི་ཆེས་བཟང་བའི་ཐོན་ཁུངས་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་ལྷོ་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ནས། བོད་ལུག་གི་ཤ་པེ་ཅིང་གི་ཚོང་རར་བཀྲམ་པའི་བྱ་བར་ནུས་པ་ཆེར་འདོན་པ་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་མཁོ་འདོན། ཐོན་སྐྱེད་དང་ཕྱིར་འཚོང་བཅས་མཉམ་སྦྲེལ་ཡིན་པའི་ལམ་ཁ་ཕྱེ་སྟེ།ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བྱེད་པར་བརྟེན་ནས་ལས་བཟོ་པར་ཕན་བདེ་སྤྲོད་པ་དང་ལས་བཟོ་པ་ཟ་ཁང་དུ་སྐྱོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ས་གནས་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བར་འབད་ཀྱིན་ཡོད་ཟེར།

ཚོགས་འདུ་ལས་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་འབྲེལ་བ་དམ་པོར་བཙུགས་ནས་པེ་ཅིང་གི་ཁེ་ལས་ཀྱི་ཉོ་སྒྲུབ་དགོས་མཁོ་ལྟར།ཐོན་རྫས་ཀྱི་རིགས་དང་གཞི་ཁྱོན་སོགས་ཁོང་དུ་ཆུད་པར་བྱས་ཏེ་ཕྱིར་འཚོང་དང་ཞབས་ཞུའི་འགན་སྲུང་གི་བྱ་བ་སོ་སོ་ལེགས་པར་བསྒྲུབ་པ་དང་རང་ཁུལ་གྱི་སྐྱེ་ཁམས་འོད་བསྡུ་ས་ཁུལ་གྱི་རྩྭ་རར་གསོ་སྐྱོང་བྱས་པའི་ལུག་ཤའི་ཐོན་རྫས་ཐོག་དང་པོར་པེ་ཅིང་གི་ཚོང་རར་བཀྲམ་པའི་བྱ་བ་བདེ་བླག་ངང་སྤེལ་བ་དང་།རང་ཁུལ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་ཟི་དང་ནུས་ཁུངས་གསར་པའི་ཁེ་ལས་སོ་སོའི་བར་དུས་ཡུན་རིང་བོར་མཉམ་འབྲེལ་ཀྱི་གྲོས་མཐུན་ཡི་གེ་བཞག་སྟེ་སྔོན་ལ་ས་གནས་དེའི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱས་ནས་ཕན་ཚུན་བར་དུས་ཡུན་རིང་བོར་གཏན་འཇགས་ཀྱི་མཁོ་སྤྲོད་འབྲེལ་བ་བཙུགས་ཏེ་ས་གནས་དེའི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པར་ནུས་པ་གང་ལེགས་འདོན་དགོས་པའི་རེ་བ་བཏོན།།