- 放大
- 缩小
- 默认
ཐོ་འགོད་མ་བྱས་པའི་བརྟན་དངོས་ཉོ་འཚོང་གན་རྒྱར་ནུས་པ་ཡོད་དམ།
《 海南报-藏文 》( 2024年07月17日 第 03 版 )
བརྟན་དངོས་བདག་དབང་གི་འགྱུར་ལྡོག་དེ་ངེས་པར་ཐོ་འགོད་བྱས་པ་བརྒྱུད་ད་གཟོད་ནུས་པ་ཐོན་པ་ཡིན།འོན་ཀྱང་།ཉོ་འཚོང་གན་རྒྱའི་ཕན་ནུས་དང་ཐོ་འགོད་བྱེད་མིན་ལ་འབྲེལ་བ་ངེས་ཅན་ཞིག་མེད། ཐོ་འགོད་བྱས་མེད་པའི་འབྲས་བུར་རྒྱུ་དངོས་བདག་དབང་ཁོ་ནར་འགྱུར་བ་མི་གཏོང་ཞིང་།ཡིན་ན་ཡང་ཉོ་འཚོང་སྐོར་གྱི་གན་རྒྱ་ནི་ནུས་ལྡན་ཡིན།ཐོ་འགོད་བྱས་མེད་པ་དང་གལ་ཏེ་ཉོ་འཚོང་གན་རྒྱ་བཞག་ཟིན་པར་མ་ཟད་ནུས་ལྡན་ཡིན་ཚེ།འཚོང་མཁན་གྱིས་ངེས་པར་ཉོ་མཁན་ལ་རྒྱུ་བདག་བརྗེ་བའི་ཐོ་འགོད་བྱེད་པའི་འོས་འགན་མུ་མཐུད་དུ་ལག་བསྟར་བྱ་དགོས།གལ་ཏེ་དངོས་གནས་ལག་བསྟར་བྱེད་མ་ཐུབ་ན་འཚོང་མཁན་གྱིས་ཉོ་མཁན་ལ་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས།
བཅའ་ཁྲིམས་ཀྱི་གཞི་འཛིན་ས།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན215པའི་གཏན་འཁེལ་ལྟར་ན།“དོ་བདག་པའི་བར་བརྟན་དངོས་བདག་དབང་འཛུགས་པ་དང་བཟོ་བཅོས་བྱེད་པ།བཤུག་སྤྲོད།མེད་པར་བཟོ་བ་བཅས་ཀྱི་གན་རྒྱ་འཇོག་པར་བཅའ་ཁྲིམས་ཀྱིས་གཏན་འཁེལ་གཞན་བྱས་པའམ་དོ་བདག་པས་ཁ་ཆད་གཞན་དག་བཞག་ཡོད་པ་ཕུད།གན་རྒྱ་བཞག་པའི་དུས་ནས་ནུས་པ་ཐོན་པ་ཡིན།རྒྱུ་དངོས་བདག་དབང་ཐོ་འགོད་བྱས་མེད་ན། གན་རྒྱའི་ནུས་པར་ཤུགས་རྐྱེན་མི་ཐེབས”ཞེས་བཀོད་ཡོད།