- 放大
- 缩小
- 默认
མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གསུམ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
《 海南报-藏文 》( 2024年07月17日 第 03 版 )

ཟླ7པའི་ཚེས14ཉིན།2024ལོའི་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་མཚོ་བསྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གསུམ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ལེ་བར་བརྒྱ་ཡི་པད་ཁའི་མེ་ཏོག་མཛེས་ལྗོངས་ཁུལ་དུ་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་མཛད་སྒོར་ཞུགས་པ་དང་འགྲན་ཞུགས་པར་བྱ་དགའ་སྤྲད།
སྐབས་འདིའི་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་མགོ་ཚུགས་པ་ནས་བཟུང་།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མགོ་ཚུགས་མཛད་སྒོ་དང་འགྲན་བསྡུར་དུམ་བུ་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཐད་གཏོང་བྱས་པ་དང་།ཞིང་ཆེན་གྱི་སྨྱན་སྦྱོར་དང་སྒེར་གཉེར་སྨྱན་སྦྱོར་གྱིས་མཉམ་གཅིག་ཏུ་ཐེངས་འདིའི་འགྲན་ཚོགས་སྤེལ་ནས། ཚགས་པར་དང་བརྙན་འཕྲིན། དྲ་བ། པོད་འཕྲིན།སྤྱོད་སྣེ།ལག་ཁྱེར་ཁ་པར་བཅས་གཞི་གཅིག་ཏུ་འདུས་པའི་སྨྱན་སྦྱོར་ཡོངས་ཀྱི་མཉམ་འདྲེས་བརྒྱུད་སྤེལ་སྒྲིག་གཞི་ཆགས་ཡོད་ལ།མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པ་དང་ཐོན་ལས་འཛུགས་སྐྲུན་བྱེད་པའི་གནས་བཞིའི་ནུས་པ་གང་ལེགས་མངོན་ཡོད། རབ་མཛེས་མཚོ་སྔོན་གྱི་ཤུགས་རྐྱེན་དང་མཚན་སྙན་སྔར་ལས་ཆེ་རུ་ཕྱིན་ཡོད། འགྲན་བསྡུར་དང་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ།ཞིང་ཕྱུགས་ཐོན་རྫས།རིག་གནས་ཡུལ་སྐོར།ཚོང་དོན་འཁོར་རྒྱུག་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟེགས་བུ་གསར་པ་ཧུར་ཐག་སྒོས་བསྐྲུན་ནས།ཐོན་ལས་འབྲེལ་ཐག་ཇེ་བརྟན་དུ་བཏང་སྟེ།མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་ཕྱོགས་ཀྱི་སྟོན་ཚོགས་རྩ་འཛུགས་བྱས་པ་དང་།ལམ་རྒྱུད་ཀྱི་འགྲན་བསྡུར་དུམ་བུ་ཁག་ཏུ་བསྡོམས་པས་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་དང་ཞིང་ལས་དམིགས་བསལ་ཐོན་རྫས་འགྲེམས་སྟོན་ཁུལ126བཀོད་སྒྲིག་བཟང་བོ་བྱས་ཡོད།
སྐབས་འདིའི་འགྲན་བསྡུར་ནང་ཞུགས་པའི་དཔུང་ཁག་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་།འགྲན་བསྡུར་གྱི་རྒྱལ་སྤྱིའི་རང་བཞིན་དང་ལྟད་མོ་བའི་རང་བཞིན། ཆེད་ལས་རང་བཞིན་བཅས་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད་པ་རེད།འགྲན་བསྡུར་ལམ་ཐིག་ནི་ས་དབྱིབས་དང་ས་དབྱིབས་སྣ་ཚོགས་སྦྲེལ་ནས་སྐྱེ་ཁམས་ཡུལ་སྐོར་གྱི་གནས་མཆོག་མང་པོ་ཞིག་ལ་ཁྱབ་ཡོད་པ་མ་ཟད།མི་རིགས་རང་སྐྱོང་ས་ཁུལ་མང་པོར་བརྒྱུད་ཡོད་པ་རེད།མཚོ་སྔོན་དྲིལ་སྒྲོག་བྱེད་པའི་གནས་གཞི་གལ་ཆེན་དང་ཀྲུང་གོའི་ལྕགས་རྟའི་ལུས་རྩལ་གྱི་འོད་སྟོང་འཕྲོ་བའི་གསེར་གྱི་མིང་བྱང་ཡིན་པའི་ཆ་ནས་འགྲན་བསྡུར་རྩ་འཛུགས་དང་སྤྱོད་ཚུལ།ཚད་གཞི་བཅས་ལ་ཆུ་ཚད་ཧ་ཅང་མཐོན་པོ་མངོན་ཡོད་པས།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤུས་ལེགས་འགྲན་བསྡུར་སྣ་ཚོགས་ཡག་པོ་སྤེལ་བར་ཉམས་མྱོང་དང་དཔྱད་གཞི་མཁོ་འདོན་བྱས་ཡོད། །(ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ།)