ལིས་ཀང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25བའི་ཞིང་ཆེན་ ཕྱི་ཡི་ཁེ་ལས་འགན་འཁུར་བ་དང་ཐུག་འཕྲད་བྱས་པ།

《 海南报-藏文 》( 2024年07月17日 第 03 版 )

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས11ཉིན།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཟི་ལིང་དུ་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཚོང་གཏམ་གྲོས་ཚོགས་སྐབས25བའི་སྟེང་ཞུགས་པའི་ཅང་སུའུ་གཞི་གྲངས་ཆེན་མོའི་ཁེ་ལས་ཀྱི་འཐུས་མི་ཚོགས་པ་དང་ཧྲེན་ཀྲེན་མན་ཨེན་སི་ཐེ་ཚན་རྩལ་ཀུང་ཟི།ཅང་སུའུ་ཞི་ཡོན་ཚོགས་པའི་འགན་འཁུར་བ་བཅས་དང་ཐུག་འཕྲད་གནང་བ་རེད།

ལིས་ཀང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པའི་ཞིང་ཆེན་ཕྱིའི་ཁེ་ལས་མི་སྣར་སྤྲོ་སེམས་འཁོལ་བས་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།ཁེ་ལས་ཀྱི་གྲོགས་པོ་རྣམ་པ་རབ་མཛེས་མཚོ་སྔོན་གནས་མཆོག་མཚོ་ལྷོ་རུ་ལྟ་སྐོར་དུ་ཡོང་བར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་བྱས་ཤིང་།མཚོ་ལྷོས་མཚོ་བོད་མཐོ་སྒང་གི་གཞི་གྲངས་ཆེན་མོའི་རུབ་རྩིས་ཐོན་ལས་འདུས་ཁུལ་བསྐྲུན་པའི་འཛུགས་སྐྲུན་ནང་ཞུགས་ནས་ཕྱོགས་གཉིས་ཀར་ཕན་འབྲས་མངོན་འགྱུར་ཡོང་བར་བྱ་དགོས་ཟེར།

ལིས་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་སྤྱིའི་འཕལ་རྒྱས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རང་ནུས་འདོན་སྤེལ་གང་ལེགས་བྱས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས།མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་ནུས་ཤུགས་འདོན་དགོས་པར་བསྟན།

ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་པ།ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལ་གཞི་བཅོལ་བ་དང་།ཆུ་དང་རླུང་།འོད།ས་འོག་ཚ་ནུས། ནུས་རྒྱུ་གཙང་མ་བཅས་ཕྱོགས་ལྔ་གཞི་གཅིག་གི་འཕེལ་རྒྱས་གནས་སྟངས་སོགས་ལ་བརྟེན་ནས།རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ཤུགས་མ་ལག་འཛུགས་སྐྲུན་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱས་ཏེ།ལྗང་མདོག་ནུས་རྒྱུར་བརྟེན་ནས་ལྗང་མདོག་རྩིས་ཤུགས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ལྗང་མདོག་རྩིས་རྒྱག་ནུས་པས་སྣེ་ཁྲིད་བྱེད་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས།ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་རྒྱག་ནུས་པར་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་ཤར་གྲངས་ནུབ་རྩིས་རྒྱལ་ཁབ་བཀོད་སྒྲིག་གི་ལྟེ་བའི་ཚོགས་པ་ཆེན་པོ་གཉིས་ཀྱི་གྲས་སུ་བཅུག་པ་དང་། (འཕྲོ་མ་པར་ངོས3པར་གཟིགས།)(པར་ངོས1པོར་མཐུད་པ།)ལོ་ངོ་སྟོང་ཕྲག་རིང་གི་མཚོ་ལྷོའི་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་དེ་ནུས་རྒྱུ་གཙང་མ་རྨང་གཞི་ཡིན་པའི་ལྗང་མདོག་གི་ཐོན་ལས་གྱི་རྣམ་པར་བསྒྱུར་བ་རེད།ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་གོ་སྐབས་འདི་བརྒྱུད་དེ། ས་གནས་གཞན་གྱི་ཁེ་ལས་ལ་ཉམས་མྱོང་བརྗེ་རེས་དང་ཐོན་ལས་མཉམ་འབྲེལ་ལ་སྐུལ་འདེད་བཏང་སྟེ་མཉམ་དུ་འཕེལ་རྒྱས་ཡོང་བར་བྱ་དགོས།

ལིས་ཀང་གིས་ནན་གྱིས་བསྟན་དོན།དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བཞིན་མ་དངུལ་འཇོག་པ་དང་ལས་གཞིར་སྐུལ་ཁྲིད་བྱ་རྒྱུ་གཙོ་བོར་བཟུང་སྟེ།ཚོང་འགུགས་མ་འདྲེན་ནི་འཕར་གཞི་གསར་བ་གསོ་སྐྱོང་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས།རྫོང་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས།གསོག་ནུས་ལས་གཞིའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ།ཐཱན་དཔལ་འབྱོར་གྱིས་རྒྱལ་ཁབ་ཀྱི3060ལ་རོགས་སྐྱོར་བྱེད་པའི་གཙང་གསུམ་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་འབད་དགོས།

རྫོང་སོ་སོ་དང་སྡེ་ཁག་སོ་སོས་ཚོང་འགུག་ལས་གཞི་གལ་ཆེན་ལ་ཁེ་ལས་གཅིག་ལ་ཆེད་སྦྱོང་འཛིན་གྲྭ་གཅིགཉིན་རེ་ལ་བཀོད་གཏོང་གཅིག གཟའ་འཁོར་རེ་ལ་ཕྱོགས་བསྡོམས་གཅིག་བཅས་ཀྱི་བྱེད་ཐབས་བེད་སྤྱད་དེ་ལས་འགན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། གལ་ཆེའི་ལས་གཞིའི་ཚོང་འགུག་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་།ཁེ་ལས་ཀྱིས་མ་དངུལ་འཇོག་པ་དང་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ།ལས་གཞིའི་ཞབས་ཞུ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱ་དགོས།འགན་འཁྲི་ཡོད་པའི་སྒོ་ནས་སྡེ་ཁག་བར་གྱི་མཐུན་སྦྱོར་ལ་གཞོགས་འདེགས་བྱས་ཏེ་ལས་བསྒྲུབ་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།དུས་མཚུངས་སུ་སྲིད་ཁེ་མཉམ་ལས་ལ་ཤུགས་བསྣན་དེ་ལས་གཞིར་སྐུལ་འདེད་གཏོང་པར་བརྩོན་དགོས།

ཚོགས་འདུའི་རྗེས་སུ།ལིས་ཀང་གིས་རང་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཐིན་རིམ་པའི་མགོ་ཁྲིད་དང་།རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ།དེ་མིན་ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོ་བཅས་ཀྱི་སྣེ་ཁྲིད་དེ།ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས25པའི་མཚོ་སྔོན་པོའི་འགྲེམ་སྟོན་ས་ཁུལ་གྱི་རང་ཁུལ་གྱི་འགྲེམ་སྟོན་ཁང་ལ་སོང་བ་རེད།།