འཆར་སྣང་གྱ་མ་གྱུ།
དུ་སྤྲིན།༼ཡུལ་ཤུལ།༽ ༡ང་ཚོ་ལ་རྩྭ་ཐང་ཡོད་པས།ཧམ་སེམས་མུ་ནས་རྒྱུན་བཅང་ཆོགརྩྭ་ཐང་གི་ཁ་དོག་རེ་རེས།ང་ཚོའི་དུས་ཚོད་ལ་དྲན་སྐུལ་བཏང་།ང་ཚོས་མ་ལྕོགས་པ་ཐམས་ཅད།རྩྭ་ཐང་འདིས་ཁུར་ཐུབ་ཀྱིན་འདུགང་ཚོ་རྩྭ་ཐང་གིས་བློས་གཏོང་མི་སྲིད་པས་ན།ང་ཚོས་རྩྭ་ཐང་ལ་བཀའ་དྲིན་ཡང་ཡང་ཞུ་དགོས།རྩྭ་ཐང་གིས་སྨྲ་བ་བཅད་ཟིན་ནའང་།སྙིང་རྗེ་ཁོ་ནས་ང་ཚོ་གཉོར་བཞིན་འདུག ༢མེ་ཏོག་གིས་རང་ཉིད་ཀྱི་མཛེས་པ་ལ་རྫོགས་ཚིག་འབྲི་མི་སྲིད།མེ་ཏོག་ལ་མེ་ཏོག་གཞན་ཞིག་བཞད་པ་ནི་ཆོས་ཉིད་ཡིན།མེ་ཏོག་ཁ་ཤས་ཁེར་རྐྱང་གི་འཚོ་བ་ལ་གོམས་འདྲིས་སུ་གྱུར།མེ་ཏོག་འགའ་ཤས་འགྲོ་བ་མི་ལས་ཀྱང་ཡ་མཚན་གྱིན་འདུགཁོ་ཚོ་ཚེ་ཐར་བྱེད་པར་གུས་ཞབས་ཀྱིས་རེ་བ་འདོན་པ་དང་།ཁོ་ཚོ་གསོ་སྐྱོང་བྱས་པར་བཀའ་དྲིན་གྱི་འཛུམ་མདངས་སྟོན་གྱིན་འདུགང་ཚོས་མེ་ཏོག་གི་རྣམ་གཞག་འདི་དག་ལ་ལད་ཟློས་བྱེད་སྲིད་དམ། ༣དཔྱིད་ཀ་མ་ཚེས་པའི་སྔོན་ལ།ངས་ཆར་བ་ཁོ་ན་དྲན་པར་བྱས།ངས་ཆར་བ་ཁོ་ན་དེ་ལྟར་དྲན་དོན།ང་ལ་མར་གད་ཀྱི་ཁུ་བ་བྱུག་འདྲའི་རྩྭ་ཐང་མཁོ་བས་ཡིན།ང་ལ་མིག་གི་བུང་བ་འཁོར་སའི་མེ་ཏོག་མཁོ་བས་ཡིན།བསྐལ་པ་ས་ལ་ཆགས།སྲིད་པ་རྡོ་ལ་གོས་པ་ནས་བཟུང་།ཆར་བས་ང་ཚོ་ལ་ལོངས་སྤྱོད་སྣ་ཚོགས་པ་བསྩལ་བ་བདེན།ཆར་བ་ནི་སྤྱིར་བཏང་གི་ཆུ་ཞིག་ཡིན་ནའང་།རྒན་པོ་ལོ་ལོན་ཚོའི་མེ་ལོང་ལས་བལྟས་ན།ཆར་བ་ནི་ལྷ་ཡི་བདུད་རྩི་ཡིན། ༤ནམ་མཁའ་ཟེར་བ་ཞིག་རིགས་པས་དཔྱད་ན།དབྱིབས་གཟུགས་གང་གིས་ཀྱང་བསྟན་རྒྱུ་མེད་པ་དེ་ལ་ནམ་མཁའ་ཟེར།བྱ་རྒོད་ནམ་འཕང་བཅད་ནས་ཐོགས་ས་མེད་པ་དེ་ལ་ནམ་མཁའ་ཟེར།ལག་པས་ལག་པ་བསྐྱོར་ནས་འཛིན་རྒྱུ་མེད་པ་དེ་ལའང་ནམ་མཁའ་ཟེར།ནམ་མཁའ་ལ་མཐའ་མེད་པ་དེས་ཀྱང་།ང་ཚོའི་ནང་སེམས་ཀྱི་འཆར་སྒོ་མཚོན་གྱིན་འདུགནམ་མཁའ་ལ་མཐའ་མེད་པ་དེས་ཀྱང་།ང་ཚོའི་སྐྱེ་འཆི་དང་དགའ་སྐྱོ་མཚོན་གྱིན་འདུགནམ་མཁའ་ལ་མཐའ་མེད་པ་དེས་ཀྱང་།ང་ཚོའི་དུས་གསུམ་གྱི་རྣམ་གཞག་མཚོན་གྱིན་འདུག ༥ངས་མི་རྟག་པ་ངོ་ཤེས་ཀྱིན་མི་འདུགཏག་ཏག་དཔེ་ཆའི་ནང་ནས་བཙལ་ཀྱང་མ་རྙེད་པ་མ་བྱུང་།སྤྲིན་པ་ཟེར་བ་འདིས་ང་ལ་མི་རྟག་པའི་དཔེ་སྟོན་གྱིན་ཡོད་དམ།སྔ་དྲོ་ཡོད་ལ་ཕྱི་དྲོ་མེད་པ་དེ་ལ་མི་རྟག་པ་ཟེར་རམ།ད་ལྟ་ཡོད་ལ་ད་ལྟ་མེད་པ་དེ་ལའང་མི་རྟག་པ་ཟེར་རམ།ངས་མི་རྟག་པ་ངོ་ཤེས་ཀྱིན་མི་འདུགང་རང་མི་རྟག་པའི་ཁ་ཟས་ཡིན་པ་དྲན་གྱིན་མི་འདུགམི་རྟག་པའི་གནས་ལུགས་མ་ཤེས་པའི་རྐྱེན་གྱིས།ངས་ད་ལྟ་རང་ཉིད་བོར་ཐུབ་ཀྱིན་མི་འདུགབདག་དང་བདག་གིར་བའི་བློས་བོར་ཐུབ་ཀྱིན་མི་འདུག ༦དུས་རབས་འདིའི་ལ་མགོ་ནས་བལྟས་ན།མི་ཁ་ཤས་འཇའ་ཚོན་རེད།དངོས་གནས་རྟོག་བཏགས་ཀྱིས་བཟོས་པའི་འཇའ་ཚོན་རེད།འཇའ་ཚོན་གྱི་ཁ་དོག་གྱོན་ནས་རྒྱུ་འབྲས་བསླུ་བཞིན་འདུགའཇའ་ཚོན་གྱི་ཁ་དོག་གྱོན་ནས་བརྩེ་དུང་བསླུ་བཞིན་འདུགའཇའ་ཚོན་གྱི་ཁ་དོག་གྱོན་ནས་ཕ་རོལ་པོ་བསླུ་བཞིན་འདུགལུས་ཀྱི་སྟངས་སྟབས་ཀྱིས་བསླུ་བཞིན་འདུགངག་གི་སྙན་འཇེབས་ཀྱིས་བསླུ་བཞིན་འདུགཡིད་ཀྱི་དྲན་འཕྲུལ་གྱིས་བསླུ་བཞིན་འདུག