པར་རིས་གསར་འགྱུར།


  ཉེ་བའི་ལོ་འགའི་རིང་།ཞིན་ཧེ་རྫོང་འབྲོང་འཐུས་ཤང་མི་རིགས་སྡེ་བའི་ཏང་ཀྲི་པུས་སྡེ་བའི་ཐུན་མོང་མ་རྐང་དཔལ་འབྱོར་མཉམ་ལས་ཁང་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ།མཉམ་ལས་ཁང་དང་ཞིང་ཁྱིམ་བཅས་ཀྱི་རྣམ་པ་བརྒྱུད་དེ་ཏང་འཛུགས་སྐྱོང་བྱ་བ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས།ཏང་འཛུགས་སྐྱོང་གི་སྤུས་རྟགས་ལས་གཞི་ལ་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་དང་།ས་གནས་མཉམ་སྤྱོད།ཐོན་ལས་མཉམ་གཉེར།དཀའ་གནད་མཉམ་སེལ་བཅས་ཀྱི་བྱེད་ཐབས་གཙོ་བོ་ཆགས་པར་བྱས་ཏེ།གྲོང་གསེབ་དང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐར་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་དམིགས་ཡུལ་མངོན་འགྱུར་ཡོང་བར་འབད་པ་བྱས།པར་འདི་ནི་ཞིན་ཧེ་རྫོང་འབྲོང་འཐུས་ཤང་མི་རིགས་སྡེ་བའི་ཐུན་མོང་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ལས་བཟོ་བས་གཟན་རྩྭ་སྟེར་བཞིན་པའི་ཚུལ་རེད།