ཁྲིན་ཀང་གིས་མཚོ་སྔོན་པོའི་མཐའ་སྐོར་དུ་རྟོག་ཞིབ་བྱས་པ།

《 海南报-藏文 》( 2024年06月05日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ5པའི་ཚེས29ནས་ཚེས31ཉིན་བར།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲིན་ཀང་གིས་མཚོ་སྔོན་པོའི་མཐའ་སྐོར་དུ་རྟོག་ཞིབ་བྱས་པར་མ་ཟད།མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་དང་རྟོག་ཞིབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དེ་གོ་གནས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས“ལས་བྱེད་པས་སྒྲུབ་དགོས་པ་དང་།རིག་ལམ་གསལ་དགོས་པ།རང་གཅུན་ནན་དགོས་པ”བཅས་ཀྱི་ལག་ལེན་ལ་བརྟེན་ནས།མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་བྱས་ནས།མཚོ་སྔོན་པོ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི“རྒྱལ་བོའི་དབུ་ཞྭའི་ཏོག་གི་ནོར་བུ”ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་ནན་བཤད་བྱས།

ཉིན་གསུམ་གྱི་རིང་ལ།ཁྲིན་ཀང་མཚོ་སྐོར་ས་ཁུལ་ཏེ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དང་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།མཚོ་བྱང་ཁུལ་རྐང་ཚ་རྫོང་དང་མདའ་བཞི་རྫོང་།དེ་མིན་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་།ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་བཅས་སུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་དང་དུས་ངེས་མེད་དུ་སྐོང་འཐེན་ཞིབ་བཤེར།ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་དང་།བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ།ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་བྱས་པ་དང་།བརླན་ས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་།གཞི་རིམ་སྲུང་སྐྱོང་ས་ཚིགས་འཛུགས་སྐྲུན།མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ།བཙོག་ཆུ་དང་གད་སྙིགས་གཙང་སེལ།དམིགས་བསལ་ཆོག་མཆན་འགོད་པའི་ཚོང་གཉེར་ཐད་འཚོལ་ཞིབ་དང་།ཡུལ་སྐོར་གྱི་ཞིང་སྦྲེལ་ཞིང་ཁྲིད་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ།བསམ་འཆར་བསྡུ་ལེན་དང་གནད་དོན་ལ་དབྱེ་ཞིབ།ཡུལ་དངོས་སུ་སོང་ནས་ཞིབ་འཇུག་ཐག་གཅོད་བཅས་བྱས་པར་མ་ཟད།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མིར་འཚམས་འདྲི་བྱས།ཁྲིན་ཀང་གིས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་གད་སྙིགས་གཙང་སེལ་བྱེད་ས་དང་བཙོག་ཆུ་གཙང་སེལ་སྒྲིག་བཀོད།ཞིང་ཕྱུགས་ལས་ཐད་ཀྱི་སྦགས་བཙོག་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།མཛེས་དཔྱོད་ནུས་པ་ཇེ་ཆེར་གཏོང་བ་དང་མཚོ་སྐོར་གཞུང་ལམ་དང་ཞིང་སྡེའི་ཁྱིམ་ཚང་མགྲོན་ཁང་སོགས་ཀྱི་ཡུལ་སྐོར་རྣམ་པར་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ཞིང་སྦྲེལ་ཞིང་ཁྲིད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་རྩ་འཛུགས་ལྡན་པའི་ཚད་ལྡན་གྱི་ཚོང་གཉེར་བརྒྱུད་དེ།མཚོ་སྐོར་མང་ཚོགས་ཀྱིས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཡོང་སྒོ་འཚོལ་ཐུབ་པར་བྱ་དགོས།སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དཔུང་ཁག་བེད་སྤྱོད་ཡག་པོ་བྱས་ནས།དོ་དམ་སྲུང་སྐྱོང་པ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཀྱི་ཉེན་ཁ་ཤེས་རྟོགས་བྱེད་པའི“སོ་དམག”ཏུ་འགྱུར་བར་བྱ་དགོས་པ་བསྟན།

ཁྲིན་ཀང་གིས་སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏིངས་པའི་རྨང་གཞིའི་སྟེང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་དང་།རིམ་པ་སོ་སོའི་ལས་བྱེད་པས་རྡོག་རྩ་གཅིག་སྒྲིལ་དང་བྱ་བ་ཏན་ཏིག་གིས་བསྒྲུབས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།མཚོ་སྔོན་པོ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསྡུས་གཟུགས་ཤིག་ཡིན་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་།ཡུལ་སྐོར་བྱ་བར་བཏོན་པའི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ།གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཉམ་དུ་སྲུང་སྐྱོང་དང་གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།གུས་སྐྲག་གི་བསམ་པས་སྐྱེ་ཁམས་སྲུང་སྐྱོང་ལ་ཡས་མཐའ་མེད་པ་དང་། ཡུལ་སྐོར་འཕེལ་རྒྱས་ལ་མས་མཐའ་ཡོད་པ།

(འཕྲོ་མ་པར་ངོས2པར་གཟིགས།)