པར་རིས་གསར་འགྱུར།


  ཟླ3པའི་ཚེས24ཉིན།གསར་འགོད་པས་ཀོས་ནན་རྫོང་བྱ་མདོ་ཤང་བདེ་མང་སྡེ་བ་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཀོས་ནན་རྫོང་གིས་སྔ་མོ་ནས་དཔྱིད་འདེབས་བྱ་བར་གྲ་སྒྲིག་བྱས་ཤིང་།བྱ་མདོ་ཤང་བདེ་མང་སྡེ་བ་ནས་མགོ་བརྩམས་ཏེ་དཔྱིད་འདེབས་བྱ་བ་རིམ་བཞིན་བྱང་ནས་ལྷོ་རུ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་།བསྡོམས་རྩིས་བྱས་པ་ལྟར་ན།ད་ལོར་ས་མུའུ་ཁྲི43.33ལ་ལོ་ཏོག་འདེབས་ཐུབ་པ་རེད། ད་ལོའི་ཚུན་ལ།ཀོས་ནན་རྫོང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་།ཞིང་ཆེན་དང་ཁུལ་གྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་།ཕྱོགས་ཡོངས་ནས་དམངས་ཕན་སྲིད་ཇུས་སྐོར་གྱི་འབྲེལ་ཡོད་ཡིག་ཆ་དྲིལ་སྒྲོག་བྱས་ཤིང་།ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས་འཕྲུལ་ཆས་ཅན་གྱི་རྨོ་འདེབས་ཐོན་སྐྱེད་དོ་དམ་སོགས་ཉེར་སྤྱོད་ལག་རྩལ་ལ་འགྲེལ་བཤད་ཞིབ་ཕྲ་བྱས་པ་དང་།ས་གནས་ཀྱིས་ས་ཞིང་ཉམས་གསོ་དང་བདག་གཉེར།ཚོད་ལྟ་བཅས་བྱེད་པའི་འཕྲུལ་ཆས་ལ་ཁྲིད་སྟོན་བྱས།རྨོ་འདེབས་གྲ་སྒྲིག་བྱ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་སེལ་ནས་རྨོ་འདེབས་ཐོན་སྐྱེད་ལ་འགན་སྲུང་བྱས།