- 放大
- 缩小
- 默认
སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།
《 海南报-藏文 》( 2026年02月11日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ2པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་ནས།ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་བསྒྲིལ།
མཇུག་བསྒྲིལ་ཚོགས་ཆེན་ལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གིས་མགོ་འཛིན་བྱས་པ་དང་། ཀྲུའུ་ཞི་གཞོན་པ་ཅིང་ཡུང་ཅེ་དང་ཀུན་བཟང་པདྨ་རྣམ་རྒྱལ།ཀྲུའུ་ལིན།ལི་ཀུའོ་ཧྲེང་།ཡཱ་སྒྲོལ་མ་སྐྱབས།དྲུང་ཡིག་ཆེན་མོ་གསེར་བཟང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་། ཞུང་ཡོན་ལའེ་དང་ཀརྨ་ཕུན་ཚོགས། མཱ་ཅན་ཧུང་།ཀའོ་ཡུང་ཧུང་།ལིའུ་ཡན།ཝང་ཧྥེང་། དགེ་འདུན་རྒྱལ།སུན་ཅུན་ཞཱ།ཀྲང་ཏུ་ཞན།ལི་ཝེ་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན249ཡོད་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན221ཡོད་པས།གཏན་འཁེལ་མི་གྲངས་དང་མཐུན།
ཚོགས་ཆེན་ལས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་ཞིང་། གྲོས་ཆོད་ཁག་ལ་གྲོས་འཆམ་བྱུང་སྐབས་ཚོགས་རར་དགའ་བསུའི་ཐལ་མོའི་རྡེབ་སྒྲས་ཁེངས།
མཇུག་བསྒྲིལ་ཚོགས་ཆེན་གྱི་སྔོན་ལ་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ་དང་། ཀྲུའུ་ལིན་དང་ལི་ཀུའོ་ཧྲེང་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཤིང་།ལིའུ་ཀོང་དང་སྟག་ལྷ། བློ་བཟང་བསྟན་འཛིན་བཅས་སྲིད་གྲོས་སྐབས་བཅུ་བཞི་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བདམས་པ་རེད།
ཚེ་རིང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་རང་སྐྱོང་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་བདེ་བླག་ངང་མཇུག་བསྡུ་བའི་ལོ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་ཞིག་རྩོམ་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཕྱིན། ཚོགས་འདུའི་སྐབས་སུ་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་སོགས་མགོ་ཁྲིད་བློ་མཐུན་གྱིས་ཨུ་ཡོན་ལ་འཚམས་འདྲི་དང་། ཚོགས་ཆེན་དང་གྲོས་བསྡུར་ལ་ཞུགས་པ། གཏམ་བཤད་ལ་ཉན་པ།རང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་བཀོད་པ་བཅས་ལས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་གནང་བའི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་མཚོན་ཡོད།སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚད་མཐོའི་ཆབ་སྲིད་རང་རྟོགས་དང་འགན་འཁྲིའི་འཁུར་སེམས་བཅངས་ཏེ།སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་དང་འབྲེལ་བའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་ནན་ཏན་གྱིས་གྲོས་ཞིབ་དང་བགྲོ་གླེང་བྱས་ནས།ཐབས་འདོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་ཡོང་བར་གྲུབ་འབྲས་གལ་ཆེན་བླངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གསོན་ཤུགས་མངོན་པར་བྱས་ཡོད།
ཚེ་རིང་གིས་བཤད་རྒྱུར། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་སྒོས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ཕྱོགས་ནས།གོ་བ་ཟབ་མོ་ལེན་པ་དང་ལག་ལེན་བཟང་པོ་བྱེད་པའི་ཐད་ལ་ནུས་པ་བཏོན་ཏེ།སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ལངས་གནས་དང་སྔར་ལས་ཆེ་བའི་འགན་འཁྲིའི་ཁུར་སེམས་ཀྱིས་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དངོས་འབེབས་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པར་སྐུལ་འདེད་བྱ་དགོས།ལྷག་བསམ་གྱི་བསམ་པ་ལེགས་པོར་བཅངས་ནས། མུ་མཐུད་དུ་རང་རློམ་རང་འགུལ་གྱི་ཆབ་སྲིད་རྨང་གཞི་བརྟན་པོར་གཏོང་དགོས། དར་ཆ་མཐོན་པོར་བསྒྲེངས་ནས་ཆབ་སྲིད་གཙིགས་སུ་འཛིན་པ་དང་།ཏང་གི་མགོ་ཁྲིད་དེ་སྲིད་གྲོས་ཀྱི་ལས་དོན་ཡོངས་ཀྱི་ཁྲོད་ཁྱབ་པར་རྒྱུན་འཁྱོངས་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱ་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཏང་གི་གསར་སྤེལ་གཞུང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་ནུས་ལྡན་ངང་ཟུང་འབྲེལ་བྱས་ཏེ། ལག་བསྟར་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་དུ་བླངས་ནས།དུས་ནམ་ཡང་ཁུལ་ཨུ་དང་བློ་ཁ་གཅིག་མཐུན་དང་ནུས་ཤུགས་མཉམ་འདོན།གོམ་པ་མཉམ་སྤོ་བཅས་བྱ་དགོས་པ་དང་།ཁྱོན་ཡོངས་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབས་ནས་མུ་མཐུད་དུ་ནུས་པ་ཡོད་ན་གོ་གནས་ཡོད་པའི་འགན་འཁྲིའི་ཁུར་སེམས་མངོན་དགོས། སྲིད་གྲོས་འཇོན་མིའི་བློ་གྲོས་དང་ནུས་པའི་དགེ་མཚན་འདོན་སྤེལ་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་ཞིག་རྩོམ་པ་དང་ཁུལ་ཡོངས་ཚད་མཐོའི་འཕེལ་རྒྱས་ཡོང་བར་ཞབས་ཞུ་བསྒྲུབ་པ་ནི་བརྗོད་དོན་གཙོ་བོར་བཟུང་སྟེ། ནུས་ཁུངས་གཙང་མ་དང་རྩིས་གློག་མཉམ་སྡེབ།ལྗང་མདོག་ཞིང་ཕྱུགས།སྐྱེ་ཁམས་ཡུལ་སྐོར།ལུས་རྩལ་དང་སློབ་གསོ་མཉམ་འདྲེས་སོགས་ཀྱི་མངའ་ཁོངས་གཙོ་བོར་གཞིགས་ནས། མིག་རྒྱང་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་རྟོག་ཞིབ་བྱ་བ་སྤེལ་དགོས་པ་མ་ཟད།བློ་གྲོས་ལྡན་པའི་གཏམ་མང་པོ་བཤད་པ་དང་དངོས་དོན་སྒྲུབ་པའི་ཐབས་ཇུས་མང་པོ་འདོན་པ། ཕྱོགས་སོ་སོའི་སྟོབས་ཤུགས་མང་པོ་ཕུལ་བ་བཅས་བྱས་ཏེ།ཏང་སྲིད་ཀྱི་ལྟེ་བའི་བྱ་བ་གང་དུ་སྐུལ་འདེད་བྱས་ན།སྲིད་གྲོས་ཀྱི་འགན་ནུས་དེ་རུ་རྗེས་འདེད་ཐུབ་པ་བྱ་དགོས། ཁུལ་སྲིད་གྲོས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་འཆར་འགོད་གང་ལེགས་བྱས་ཏེ།འགན་ནུས་ལག་བསྟར་བྱ་རྒྱུ་ནི་ཚད་མཐོའི་འཕེལ་རྒྱས་ཀྱི་ལམ་ཐིག་དཔེ་རིས་སུ་བསྒྱུར་དགོས།མཐུན་སྒྲིལ་མཛའ་མཐུན་གཏིང་ཟབ་ཏུ་སྤེལ་ནས།མུ་མཐུད་དུ་བློ་ཁ་གཅིག་མཐུན་གྱི་ཐུན་མོང་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མིས་ཏང་ཡོན་ཨུ་ཡོན་ལ་འབྲེལ་གཏུགས་བྱེད་པ་དང་།ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུགས་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས།ཁ་བརྡ་དང་མཚམས་འདྲི།ཨུ་ཡོན་གྱིས་དཔེ་ཀློག་བྱེད་པ་སོགས་ཀྱི་སྟེགས་བུར་བརྟེན་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་ཟབ་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་།ཐབས་འདོན་ཇུས་འབུལ་དང་འདུ་ཤེས་གཅིག་སྒྲིལ་གྱི་ནུས་ཤུགས་མཉམ་འདོན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མུ་མཐུད་དུ་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ལག་ལེན་བྱ་འགུལ་སྤེལ་བར་སྐུལ་འདེད་བྱས་ནས། ལས་རིགས་ཁག་གི་མང་ཚོགས་ལ་ཁ་གཏད་དེ་དཀའ་ངལ་སེལ་བ་དང་འབྲེལ་བ་མཐུན་སྦྱོར། སེམས་ཁམས་སྙོམས་སྒྲིགའགལ་ཟླ་འདུམ་འགྲིག་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་པ་མ་ཟད། རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་བཟང་པོ་མངོན་དགོས།ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་བཅངས་ནས། མུ་མཐུད་དུ་དམངས་ལ་ཞབས་འདེགས་ཞུ་བའི་དམངས་ཚིས་བརྩེ་བ་ཇེ་ཟབ་ཏུ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་ནི་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་མགོ་རྩོམ་ས་དང་རྐང་ཚུགས་ས་རུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་ལུགས་མཐུན་གྱི་རེ་ཞུ་དང་དོན་དངོས་ཀྱི་རེ་སྒུག་བཅས་མཚོན་པར་བྱས་ནས།