- 放大
- 缩小
- 默认
སྐབས་བཅུ་བཞི་པའི་མཚོ་ལྷོ་ཁུལ་ཨུའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་གསལ་བསྒྲགས།
《 海南报-藏文 》( 2025年09月24日 第 03 版 )
《སྐབས་བཅུ་བཞི་པའི་ཁུལ་ཨུའི་སྐོར་ཞིབ་བྱ་བའི་འཆར་འགོད(2022-2026ལོ)》དང《མཚོ་ལྷོ་ཁུལ་ཨུའི2025ལོའི་སྐོར་ཞིབ་བྱ་བའི་འཆར་གཞིའི》བཀོད་སྒྲིག་ལྟར།ཁུལ་ཨུས་སྐོར་ཞིབ་ཚན་ཆུང5མངགས་ཏེ།ཟླ9པའི་ཟླ་སྟོད་ནས་བཟུང་རྫོང་ལྔའི་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱས་ཏེ།གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་དབུས་སྡེ་ཁུལ་དང་ཆོས་རྗེ་ཤང་སྟོང་སྐོར་སྡེ་བ་དང་།ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་ཏིང་ཅ་སྡེ་བ་དང་རྨ་སྲིབ་གྲོང་རྡལ་གྱི་མཁར་ནུབ་སྡེ་ཁུལ།ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་ཉི་མ་ལུང་སྡེ་བ་དང་མང་ར་ཤང་གི་ཁུ་སྒྱོའུ་སྡེ་བ།ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཤར་ཚང་སྡེ་བ་དང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཕྱུགས་རའི་སྡེ་ཁུལ།ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་གྱི་ཉིན་ཆུ་སྡེ་བ་དང་ཐང་ནག་ཤང་ཤ་རྫོང་གོང་མ་སྡེ་བ་བཅས་ལ་ཐད་ཀར་སྐོར་ཞིབ་བྱ་རྒྱུ་ཡིན།
གཅིགསྐོར་ཞིབ་ཀྱི་དུས་ཚོད།
2025ལོའི་ཟླ9པ་ནས་ཟླ10པའི་བར།
གཉིས།རྒྱུན་སྲོལ་སྐོར་ཞིབ་ཀྱི་ནང་དོན་གཙོ་བོ།《སྐབས་བཅུ་བཞི་པའི་ཁུལ་ཨུའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་བྱ་བའི་ཇུས་གཞིའི》བླང་བྱ་ལྟར།ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱ་ཡུལ་སྡེ་ཚན་གྱི་དངོས་ཡོད་དང་འགན་ནུས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ།ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་དང་།ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་།མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ།ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་རྩ་འཛུགས་ཀྱི་ནུས་པ་ཞན་པའི་གནད་དོན།དེ་མིན་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་ལྡོག་ལན་གནད་དོན་དག་ཐེར་དོན་འཁྱོལ་སོགས་ཀྱི་གནས་ཚུལ་གཙོར་བཟུང་ནས་ལྟ་བཤེར་དང་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ།སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་མི་འདེམ་སྤྱོད་དང་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་ལྟ་བཤེར་བྱ་རྒྱུ་ཡིན།
སྐོར་ཞིབ་བྱེད་སྐབས།སྐོར་ཞིབ་ཚན་ཆུང་སོ་སོས་ཐེར་འདོན་ཁ་པར་དང་།གློག་རྡུལ་ཡིག་ཟམ།བསམ་འཆར་ཡིག་སྒམ་བཙུགས་ཏེ།རྫོང་ལྔའི་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ།གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་དབུས་སྡེ་ཁུལ་དང་ཆོས་རྗེ་ཤང་སྟོང་སྐོར་སྡེ་བ།ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་ཏིང་ཅ་སྡེ་བ་དང་རྨ་སྲིབ་གྲོང་རྡལ་གྱི་མཁར་ནུབ་སྡེ་ཁུལ།ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་ཉི་མ་ལུང་སྡེ་བ་དང་མང་ར་ཤང་གི་ཁུ་སྒྱོའུ་སྡེ་བ།ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཤར་ཚང་སྡེ་བ་དང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཕྱུགས་རའི་སྡེ་ཁུལ།ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་གྱི་ཉིན་ཆུ་སྡེ་བ་དང་ཐང་ནག་ཤང་ཤ་རྫོང་གོང་མ་སྡེ་བ་བཅས་ཀྱི་མགོ་ཁྲིད་ཚན་པ་དང་ཁོངས་མིའི་གནས་ཚུལ་གསལ་ཞུ་བྱས་པའི་འཕྲིན་ཡིག་དང་།ཁ་པར།ངོ་གཏུག་བཅས་གཙོར་བཟུང་ནས་བདག་སྤྲོད་བྱ་རྒྱུ་ཡིན།སྐོར་ཞིབ་བདག་སྤྲོད་ཀྱི་ཁྱབ་ཁོངས་སུ་མི་གཏོགས་པའི་དོན་ཚན་དག་གཏན་འཁེལ་ལྟར་འབྲེལ་ཡོད་སྡེ་ཁག་ལ་ཐག་གཅོད་པར་བརྒྱུད་སྤྲོད་བྱ་རྒྱུ་ཡིན།གལ་སྲིད་སྐོར་ཞིབ་བྱ་ཡུལ་སྡེ་ཚན་གྱི་མགོ་ཁྲིད་ཚན་པ་དང་དེའི་ཁོངས་མིའི་འབྲེལ་ཡོད་གནས་ཚུལ་གསལ་ཞུ་བྱ་འདོད་ན།སྐོར་ཞིབ་དུས་སྐབས་ཀྱི་ལས་ཀའི་ཉིན་མོའི་ཆུ་ཚོད8:30-18:00བར་སྐོར་ཞིབ་ཚན་ཆུང་གི་ལས་རེས་ཁ་པར་ལ་ཁ་པར་གཏོང་བའམ་ཡང་ན་ཡིག་ཟམ་སྐུར་བ་སོགས་ཀྱི་ལམ་ནས་གསལ་ཞུ་བྱས་ཆོག
གསུམ།གསལ་ཞུའི་ཐབས་ལམ།
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་དང་པོས་གུང་ཧོ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པ་དང་།ཆབ་ཆ་གྲོང་རྡལ་གྱི་མཁར་དབུས་སྡེ་ཁུལ་དང་ཆོས་རྗེ་ཤང་སྟོང་སྐོར་སྡེ་བར་ཐད་ཀར་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
comcomའབྲེལ་གཏུག་ཁ་པར།18095746717གློག་རྡུལ་ཡིག་ཟམ།hnzwdyxcz@163.ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པས་ཁྲི་ཀ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པ་དང་།རྨ་སྲིབ་གྲོང་རྡལ་གྱི་ཏིང་ཅ་སྡེ་བ་དང་རྨ་སྲིབ་གྲོང་རྡལ་གྱི་མཁར་ནུབ་སྡེ་ཁུལ་ལ་ཐད་ཀར་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར།13909715393གློག་རྡུལ་ཡིག་ཟམ། 2237125318@qq.
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གསུམ་པས་ཀོས་ནན་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པ་དང་། སུམ་མདོ་གྲོང་རྡལ་གྱི་ཉི་མ་ལུང་སྡེ་བ་དང་མང་ར་ཤང་གི་ཁུ་སྒྱོའུ་སྡེ་བར་ཐད་ཀར་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར།13897148171
གློག་རྡུལ་ཡིག་ཟམ། hnzwdsxcz@163.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པས་ཐུན་ཏེ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པ་དང་།རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཤར་ཚང་སྡེ་བའི་ཏང་ཀྲི་པུའུ་དང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཕྱུགས་ར་སྡེ་ཁུལ་ཏང་ཀྲི་པུའུ་ལ་ཐད་ཀར་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར།15209746788
གློག་རྡུལ་ཡིག་ཟམ།hnzwdsxcz@126.com
ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་པས་ཞིན་ཧེ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་རྫོང་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་པ་དང་།དཔལ་ཁ་གྲོང་རྡལ་གྱི་ཉིན་ཆུ་སྡེ་བ་དང་ཐང་ནག་ཤང་ཤ་རྫོང་གོང་མ་སྡེ་བར་ཐད་ཀར་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།
འབྲེལ་གཏུག་ཁ་པར།13909748090
གློག་རྡུལ་ཡིག་ཟམ།hnzwdexcz@126.com
ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན།
ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།
2025ལོའི་ཟླ9པའི་ཚེས8ཉིན།