- 放大
- 缩小
- 默认
རང་ཁུལ་གྱི་ཉ་གསོ་ཁེ་ལས་ཤིག་ལ་ཀྲུང་གོའི་སྤུས་ཚད་ཚོགས་ཆེན་དུ་མིང་འདོན་བྱ་དགའ་ཐོབ་པ།
《 海南报-藏文 》( 2025年09月24日 第 02 版 )

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས16ཉིན།ཀྲུང་གོའི་སྤུས་ཚད་ཚོགས་ཆེན་སྐབས་དྲུག་པ་ནན་ཅིན་དུ་བསྡུས་པ་དང་།ཚང་མས་དོ་སྣང་བྱེད་པའི་ཀྲུང་གོའི་སྤུས་ཚད་ཚོགས་ཆེན་སྐབས་ལྔ་པའི་སྟེང་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་།གུང་ཧོ་རྫོང་གི་ལུང་དབྱང་ཀྲི་ཞན་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟིས་ཕུལ་དུ་བྱུང་བའི་སྤུས་ཚད་དོ་དམ་ལག་ལེན་ལ་བརྟེན་ནས་དབྱི་ལི་སྡེ་ཚོགས་དང་ཝུའུ་ལིང་ཡེ་སྡེ་ཚོགས་སོགས་རྒྱལ་ནང་གི་ཁེ་ལས་གྲགས་ཅན་དང་མཉམ་དུ་ཀྲུང་གོའི་སྤུས་ཚད་མིང་འདོན་བྱ་དགའ་ཐོབ།
ཚལ་རྔ་འགག་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་གྲོག་རོང་ཆེན་པོ་ཞིག་ཡིན་ལ།རང་རྒྱལ་གྱི་སྐས་རིམ་གློག་འདོན་ས་ཚིགས་ཆེ་གྲས་དང་པོ་སྟེ་ཚལ་རྔ་འགག་གློག་འདོན་ས་ཚིགས་ཀྱི་གནས་ཡུལ་ཀྱང་ཡིན།ཚལ་རྔ་འགག་ཅེས་པ་ནི་བོད་སྐད་ཀྱིས་གྲོག་རོང་ཆེན་པོ་ཞེས་པའི་དོན་ལ་གོ་ཞིང་།ས་ཆ་འདིར་ཚལ་རྔ་འགག་གློག་འདོན་ས་ཚིགས་ཏེ་མཐོ་སྒང་གི་ཆུ་མཛོད་ཡོད་པས་ཆུ་དྭངས་ཤིང་འཁྱག་ལ།ལོ་ཧྲིལ་བོར་དར་ཆགས་རྒྱུ་མེད་པས་རང་རྒྱལ་ན་ཧ་ཅང་དཀོན་པའི་མཐོ་སྒང་གི་འཁྱག་ཆུའི་ཉ་གསོ་སྤེལ་བྱེད་སའི་རང་བྱུང་ཁོར་ཡུག་ཡག་ཤོས་ཤིག་ཡིན།
རང་རྒྱལ་གྱི་ཉ་སལ་མོན་གསོ་སྤེལ་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ཆ་ནས། ལུང་དབྱང་ཀྲི་ཞན་ཀུང་ཟིས་ཚལ་རྔ་འགག་ཆུ་མཛོད་ས་ཁུལ་དུ་དེང་རབས་ཅན་གྱི་གསོ་སྤེལ་དྲ་བའི་སྒམ་མུའུ200ལྷག་ཙམ་བཙུགས་ནས་ལོ་རེའི་ཐོན་ཚད་ཏུན་ཁྲི1.5ཟིན་པ་དང་།མིག་སྔར་ཉ་རིགས་བཟང་ཤོས་གསོ་སྤེལ་དང་ལས་སྣོན་ཟབ་མོ།དེ་ནས་འཛམ་གླིང་ཡོངས་ལ་ཕྱིར་འཚོང་བྱེད་པ་བཅས་ཀྱི་ཐོན་ལས་སྒྲུབ་རིམ་ཧྲིལ་བོར་རིག་ནུས་ཅན་དང་ཚད་གཞི་ཅན།རྒྱལ་སྤྱི་ཅན་བཅས་ཀྱི་འཁོར་སྐྱོད་མངོན་འགྱུར་བྱུང་ཡོད།