- 放大
- 缩小
- 默认
གུང་ཧོ་རྫོང་གིས་ཏང་ཡོན་གྱི་ཡིག་ཚགས་དོ་དམ་ནན་མོ་བྱས་པ།
《 海南报-藏文 》( 2025年07月16日 第 03 版 )
རང་ཚགས་པར་གྱི་འཕྲིན། མིག་སྔའི་བར།གུང་ཧོ་རྫོང་གིས་ས་ཕྱོགས་གཞན་དུ་སོང་བའི་ཏང་ཡོན78གྱི་ཡིག་ཚགས་མཚོ་སྔོན་ཏང་འཛུགས་ཆ་འཕྲིན་མ་ལག་ནང་འཇུག་བྱས་པ་དང་།ཕྱིར་སོང་བའི་ཏང་ཡོན59ས་གནས་དེའི་ཏང་རྩ་འཛུགས་ནང་ཞུགས་སུ་བཅུག
ད་ལོར།གུང་ཧོ་རྫོང་གིས་ས་ཕྱོགས་གཞན་དུ་སོང་བའི་ཏང་ཡོན་དོ་དམ་ནན་མོ་བྱེད་པའི་བྱེད་ཐབས་གསར་པ་བཙལ་ཏེ། ཏང་ཡོན་ལ་འབྲེལ་གཏུག་དཀའ་བ་དང་དོ་དམ་དཀའ་བ།སློབ་གསོ་གཏོང་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཆ་འཕྲིན་སྟེགས་བུ་སྔར་ལས་ཚད་ལྡན་དང་།རོང་འབྲོག་མང་ཚོགས་ཀྱི་ཕྱིར་སོང་ཏང་ཡོན་ལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་བཏང་སྟེ་ཕྱིར་སོང་བའི་ཏང་ཡོན་གྱི་མི་གྲངས་ཞིབ་བཤེར་བྱས་ལ།ཤང་གྲོང་གི་ཏང་ཨུའི་ཨུ་ཡོན་དང་སྡེ་བའི་ཏང་ཀྲུའུ་པུའུ་ཡི་ཨུ་ཡོན་གྱིས་ཏང་ཡོན་ལ་འབྲེལ་བ་བྱེད་པའི་དམ་སྲོལ་བཙུགས་ཏེ།གཅིག་འབྲེལ་གཅིག་དང་།མང་འབྲེལ་གཅིག་གི་རྣམ་པ་སྤྱད་པའི་སྒོ་ནས་ཕྱིར་སོང་བའི་ཏང་ཡོན་གྱི་བསམ་བློ་དང་འགྲོ་ཕྱོགས།དགོས་མཁོ་སོགས་ཀྱི་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ནས་ཏང་ཡོན་ལ་དོ་དམ་བྱེད་པའི་བྱ་བ་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ནན་མོ་བྱས་པར་མ་ཟད།ཕྱིར་སོང་ནས་ཟླ9འགོར་པའི་ཏང་ཡོན་ལ་ཕྱིར་སོང་ཏང་ཡོན་གྱི་ལག་ཁྱེར་སྤྲད་དེ།ཕྱིར་ཡོད་པའི་སྐབས་ཀྱི་དོ་དམ་སྔར་ལས་དམ་ཚགས་བྱས་ནས།ཏང་ཡོན་ལ་སློབ་གསོའི་དོ་དམ་ཞབས་ཞུ་བསྒྲུབ་པའི་སྤུས་ཚད་མཐོ་རུ་བཏང་།།