ཞིན་ཧེ་རུ་གུང་ཟས་རིན་མེད་མཁོ་འདོན་གྱི་ལས་གཞི་ཞིག་ལག་བསྟར་བྱས་པ།
《 海南报-藏文 》( 2025年07月16日 第 03 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཀྲུང་གོ་སྤྱི་ཚོགས་ཕན་བདེ་ཐེབས་རྩ་ཚོགས་པའི་གུང་ཟས་རིན་མེད་ལས་གཞི་ལག་བསྟར་བྱེད་པའི་མཛད་སྒོ་ཞིན་ཧེ་རྫོང་ལྟེ་གནས་བྱིས་སྐྱོང་ཁང་ནས་བསྡུས།
ཉེ་བའི་ལོ་འགའི་རིང་ལ།ཞིན་ཧེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་དེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་རྒྱུ་གཙོར་འཛིན་པ་དང་། རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་དམངས་ཀྱི་འཚོ་བར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ།རོང་འབྲོག་ཁུལ་གྱི་ཁྱིམ་བདག་གིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས།ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་གཙོ་བོའི་འབྲེལ་མཐུད་དང་གོང་རིམ་སློབ་གསོའི་སྡེ་ཁག་གིས་སེམས་ཞིབ་མོས་མཛུབ་སྟོན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་འོགཀྲུང་གོའི་སྤྱི་ཚོགས་ཕན་བདེའི་ཐེབས་རྩ་ཚོགས་པའི་གུང་ཟས་རིན་མེད་ཀྱི་སྤྱི་ཕན་ལས་གཞི་ཞིན་ཧེ་རྫོང་ནས་ལག་བསྟར་བྱུང་།ཁྱིམ་ཚང2771རེར་ལོ་རེར་མ་དངུལ་སྒོར1200གྲོན་ཆུང་བྱས། ལོ་རེར་ཁ་གསབ་མ་དངུལ་སྒོར་ཁྲི332.52བཏང་ནས་རོང་འབྲོག་པའི་ཁྱིམ་ཚང་ཚང་མར་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་ཐུབ་པ་བྱས་ནས།ཏང་གི་དམངས་ཕན་སྲིད་ཇུས་ལ་དངོས་ཕན་ཐོབ་ཡོད།
མཛད་སྒོའི་རྗེས་སུ།འབྲེལ་ཡོད་མགོ་ཁྲིད་ཀྱིས་ཞིན་ཧེ་རྫོང་ལྟེ་བའི་བྱིས་སྐྱོང་ཁང་གི་སློབ་སྔོན་སློབ་གསོ་ཁྱབ་གདལ་དང་སློབ་གྲྭའི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ལྟ་སྐོར་བྱས་ལ།བྱིས་སྐྱོང་ཁང་གི་སྡོད་ཁང་ཁོར་ཡུག་དང་གུང་ཟས་རིན་མེད་ལག་བསྟར་བྱས་པའི་རིང་གི་ནོར་དོན་ཡོངས་བསྒྲགས་ཆ་འཕྲིན་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད།བྱིས་པ་ཚོ་དང་མཉམ་དུ་འཚོ་བཅུད་གུང་ཟས་ལ་རོལ་བ་རེད།།