པར་རིས་གསར་འགྱུར།

《 海南报-藏文 》( 2025年07月02日 第 01 版 )

ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་ཚན་སྐོར་ཆེན་མོ་བཞིའི་མགོ་ཁྲིད་དང་རྫོང་སོ་སོའི་སྲིད་གཞུང་གི་འགན་འཁུར་པ་གཙོ་བོ།ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་བཅས་ཀྱི་སྣེ་ཁྲིད་དེ།མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་མཚོ་ལྷོ་ཁུལ་གྱི་འགྲེམས་སྟོན་ཁང་དང་།ཅང་སུའུ་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་ཕྱིན་ཏེ་འགྲེམས་ཚོགས་ཀྱི་གནས་ཚུལ་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་།སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་མཉམ་འབྲེལ་གྱི་ཐབས་ལམ་འཚོལ་ཞིབ་སོགས་ཀྱི་ཕྱོགས་ལ་དཔྱད་བསྡུར་བྱས་པ་རེད།