རང་ཁུལ་གྱིས་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

《 海南报-藏文 》( 2025年06月11日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།རང་ཁུལ་གྱིས་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་།ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཁེ་ལས་ཀྱི་རེ་ཞུའི་གྲོས་མགོར་གཞིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་བཏང་།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནངཞིང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་།ཀྲུང་གོའི་འབྲེལ་འཕྲིན་མཚོ་ལྷོ་ཁུལ་ཡན་ལག་ཀུང་ཟི་དང་།ལུང་གཡང་ཀྲི་ཞན་མ་རྐང་ཚད་ཡོད་ཀུང་ཟི།རྒྱལ་ཁབ་ནུས་ཁུངས་མཚོ་ལྷོ་ཁུལ་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི།ཧྲིན་ཧེ་ཀྲི་ཀོན་སྔོན་རྩིས་ཚད་ཡོད་ཀུང་ཟི།བན་ཅེ་ཅིན་ཧྥིན་མཚོ་སྔོན་རིག་ནུས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་ཟི།ཞིན་ཧེ་ནུས་ཁུངས་གསར་པའི་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་དྲུག་གི་འཐུས་ཚབ་མི་སྣས་ནུས་ཁུངས་གཙང་མའི་ཐོན་ལས་རིམ་འཕར་དང་།ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱུན་མཐུད་རྣམ་པ།ལྗང་མདོག་རྩིས་ཤུགས་ཐོན་ལས་ཁྱབ་ཚུལ་སོགས་ཁེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བྱེ་བྲག་གི་རེ་ཞུ་དང་གྲོས་གཞི་བཏོན་པ་རེད།ཚོགས་ཞུགས་ཁེ་ལས་འཐུས་མི་གཞན་དག་གིས་དཀའ་ངལ་ལ་འཕྲད་པའི་གནད་དོན་བཏོན་ཞིང་ཐོན་ལས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱས།ལིས་ཀང་གིས་དེ་དག་གི་གནས་ཚུལ་ཟིན་བྲིས་སུ་འགོད་པ་དང་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ནན་ཏན་གྱིས་བསམ་འཆར་དང་གྲོས་གཞིར་ཞིབ་འཇུག་བྱས་ཤིང་།ཁེ་ལས་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འདི་ཉིད་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཚད་རིམ་གང་དུ་གནས་པ་དང་།མིག་སྔའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གནད་དོན་སོགས་བསམ་འཆར་བགྲོ་གླེང་བྱས་པ་མ་ཟད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁེ་ལས་ཀྱིས་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་ཤིང་།ཁེ་ལས་ལ་ཡིད་ཆེས་བརྟན་པོ་བྱས་ནས་ཏང་ཨུ་དང་སྲིད་གཞུང་གིས་མཉམ་དུ་མ་འོངས་པ་གསར་གཏོད་བྱ་དགོས་ཟེར།ཀརྨ་ཕུན་ཚོགས་དང་ལས་བགོས་ཁུལ་དཔོན་གཞོན་པ་སོ་སོས་ཡུལ་དངོས་ནས་ལན་བཏབ་ཅིང་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ལ་གནད་དོན་གྱི་རྩིས་ཐོ་དང་རེ་ཞུའི་གནས་ཚུལ་བཀོད་སྒྲིག་བྱས་ཏེ།འགན་འཁྲིའི་དུས་བཀག་དང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་།

ལིས་ཀང་གིས་ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་བྱ་བླང་བྱ་ལྟར་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཕྱོགས་ཀྱི་དོན་སྙིང་ལྡན་པའི་བྱ་གཞག་ལ་ཕུལ་བ་དང་། དཔའ་ངར་ཞུམ་མེད་དང་བློ་སེམས་བརྟན་པོའི་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་གྲུབ་འབྲས་མངོན་གསལ་བླངས་ཡོད།ཁེ་ལས་པས་མཚོ་ལྷོ་ཁུལ་གྱི་དགེ་མཚན་ལ་བརྟེན་ནས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་གཙང་མས་ཁུལ་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བའི་ནང་ཞུགས་ཏེ།མཉམ་དུ་འཕེལ་རྒྱས་ཀྱི་ཁེ་བཟང་ལོངས་སྤྱོད་བྱ་རྒྱུའི་བླང་བྱ་བཏོན།

ལིས་ཀང་གིས་གློག་དྲའི་ནུས་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་ནུས་ཁུངས་གཙང་མའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ།གློག་རྩིས་མཉམ་སྒྲུབ་འཕེལ་རྒྱས་ཀྱི་ཐཱན་ཉུང་ཐོན་ལས་འདུས་སྡོད་ཁུལ་འཛུགས་སྐྲུན་བྱས་ཏེ་ནུས་ཁུངས་གཙང་མའི་ཐོན་ཁུངས་ཕན་ནུས་ལྡན་པའི་ངང་བེད་སྤྱོད་བྱེད་པ།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་དར་སྤེལ་གཏོང་བ་གཙོར་འཛིན་པ་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དེ།ཡུལ་སྐོར་གྱི་སྤུས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་གཏོང་བ།ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དར་སྤེལ་བཏང་སྟེ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་དང་།ཐོན་ལས་སྦྲེལ་ཐག་སྔར་ལས་རྒྱུན་བསྲིངས་ནས།ཁྱད་ལྡན་ཅན་གྱི་སྤུས་རྟགས་དར་སྤེལ་གཏོང་དགོས་ཞེས་བསྟན།

ལིས་ཀང་གིས་ཚོང་འགུག་དངུལ་འདྲེན་གྱི་བྱ་བའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་།འགན་འཁྲི་ནན་སྲུང་བྱེད་ཐབས་གསར་སྒྱུར་གྱིས་ཁྱད་ལྡན་ཐོན་ལས་ཀྱི་འབྲེལ་ཐག་གཙོར་བཟུང་སྟེ་ལས་གཞི་དོན་ཐོག་ཏུ་འཁྱོལ་བའི་དཀའ་གནད་སེལ་བ་དང་།ཁ་གཏད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཅང་སུའུ་སོགས་ཁ་གཏད་རོགས་སྐྱོར་གྱིས་ཐོན་ཁུངས་བེད་སྤྱོད་གང་བྱེད་དགོས་ལ།སྤྱོད་ཚུལ་ལེགས་འགྱུར་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བ་དང་ཟུང་འབྲེལ་བྱས་ཏེ།ཁེ་ལས་ནང་ཞུགས་པའི་ཞབས་ཞུ་སྒྲུབ་པ་དང་ས་གནས་སུ་གཞུང་དོན་སྒྲུབ་སྟེ་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་དགོས་པའི་བླང་བྱ་བཏོན།

ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་།སྲིད་གཞུང་གི་ནུས་པ་བཅས་ལ་དམིགས་ནས་ཚོང་ལས་དར་སྤེལ་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་ཁེ་ལས་ལ་སྤུས་ལེགས་ཀྱི་སྟེགས་བུ་བཟང་བོ་བསྐྲུན་ནས།ཁེ་ལས་པས་མཚོ་ལྷོ་ཁུལ་དུ་ལས་རིགས་དར་སྤེལ་གཏོང་བར་ཡིད་ཆེས་དང་སྤོབས་སེམས་སྟེར་དགོས།ཁེ་ལས་པས་བསམ་བློ་བཅིངས་འགྲོལ་དང་གནོན་ཤུགས་ཆེར་བསྐྱེད་ཀྱིས་ཁེ་ལས་དར་སྤེལ་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་འགྱུར་བྱ་དགོས།ཚོང་ལས་ལ་བརྟེན་ནས་འཚོང་འགུག་པའི་ཕན་ནུས་སྐུལ་སྤེལ་དང་།ཀུན་གྱིས་བསྔགས་བརྗོད་ཡོད་པ་དང་ཕུལ་དུ་བྱུང་བའི་རིན་ཐང་ལ་བརྟེན་ནས་ཚོང་འགུག་གི་ཕན་འབྲས་ཇེ་ལེགས་སུ་གཏོང་དགོས།འགན་ནུས་སྡེ་ཁག་སོ་སོས་ཞབས་ཞུ་ལེགས་པོར་བསྒྲུབ་སྟེ།མཚོ་ལྷོ་ཁུལ་དེ་ལས་ལམ་གསར་འབྱེད་ཀྱི་གནས་མཆོག་དང་འཕེལ་རྒྱས་ཀྱི་གཤིན་ས་ཞིག་ཏུ་དར་སྤེལ་གཏོང་བ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས་ཞེས་བསྟན།

ཝང་ཀྲུང་དབྱི་དང་།ཀྲང་ཅི་ཙུང་།དགེ་འདུན་རྒྱལ།སུན་ཅུན་ཞཱ།ལི་ཀུའོ་ཧྲེང་།ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ།རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན།ཁུལ་གཏོགས་རྒྱལ་གཉེར་ཁེ་ལས་དང་ཀྲུང་དབྱང་གི་ཁེ་ལས་འགའ་ཤས།དམངས་གཉེར་ཁེ་ལས་དང་དངུལ་རྩའི་ལས་ཁུངས་བཅས་ཀྱི་འཐུས་མི་ཚོགས་འདུར་ཞུགས་པ་རེད།