པར་རིས་གསར་འགྱུར།
《 海南报-藏文 》( 2025年03月26日 第 03 版 )

ད་ལོར་ལོ73ལ་སོན་པའི་ཀྲང་ཞིན་ཏི་ནི་ཁོམ་ལོང་མེད་པའི་མི་ཞིག་ཡིན་ལ། ཟླ3པའི་ཟླ་དཀྱིལ་ནི་ཁྲི་ཀ་རྫོང་གི་རྨོ་འདེབས་གྲ་སྒྲིག་བྱེད་པའི་དུས་བཟང་ཞིག་ཡིན་པས།ཉིན་འདི་དག་གི་རིང་ལ་ཁོས་ཀྱང་ལས་ཀ་མགོ་བརྩམས་པ་རེད།ཁོས་ཞིང་ལས་འཕྲུལ་ཆས་ཀྱི་ལག་རྩལ་ལ་བརྟེན་ནས2024ལོར་གླ་ཕོགས་སྒོར་ཁྲི2ཐོབ་ཡོད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་དང་ཐག་རིང་ལ་ཞོར་ལས་སུ་འགྲོ་མི་དགོས་པར་རང་ཁྱིམ་ནས་བརྟན་འཇགས་ཀྱི་ཡོང་སྒོ་བཙལ་ཐུབ་ཡོད་ལ། དོན་བཟང་འདི་འདྲ་ཞིག་ཀྲང་ཞིན་ཏི་ཡིས་སྔོན་ཆད་བློ་ཡིད་ལའང་ཤར་མ་མྱོང་ཟེར།