- 放大
- 缩小
- 默认
ལིས་ཀང་གིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཆན་ཆིང་ལིན་འཁོར་དང་བཅས་པར་ཐུག་འཕྲད་གནང་བ།
《 海南报-藏文 》( 2025年03月26日 第 01 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཆབ་ཆ་རུ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཆན་ཆིང་ལིན་དང་ཐུག་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་ནུས་ཁུངས་གཙང་མ་དང་མཚོ་ལྷོའི་བྱེ་ཐང་རྟེན་གཞིའི་ནུས་ཁུངས་གཙང་མའི་ཕྱི་སྐྱེལ་བགྲོད་ལམ།གློག་དྲའི་བཟོ་སྐྲུན།གློག་རྩིས་མཉམ་སྒྲུབ་སོགས་ཀྱི་གྲོས་གཞིར་དམིགས་ནས་བསམ་བློ་བརྗེ་རེས་བྱས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཐུག་འཕྲད་ཚོགས་འདུར་མགོ་འཛིན་བྱས་པ་རེད།
ལིས་ཀང་གིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཀུང་ཟིས་དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཕྱོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད།ཁུལ་གྱི་གནས་ཚུལ་དང་ཁྱད་ཆོས།ཐོན་ཁུངས་ཀྱི་དགེ་མཚན།ད་ལྟའི་དུས་རིམ་གྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་རེད།ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་ཤུགས་འདོན་པའི་ཁྲོད།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་མཚོ་ལྷོ་ཁུལ་གྱི་གཙོ་རྒོལ་བྱེད་ཕྱོགས་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་།མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱིས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ནུས་ཁུངས་བསྒྱུར་བར་ནུས་པ་གལ་ཆེན་ཐོན་དགོས་པ་དེ་ཡིན།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་མཚོ་ལྷོ་ཁུལ་དུ་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་དེ།ཕྱོགས་གཉིས་ཀྱིས་ཁེ་ལས་དང་ས་གནས་མཉམ་འབྲེལ་སྒོས་འཛུགས་སྐྲུན་གྱི་འབྲེལ་བ་བཙུགས་ནས་ལོ་ལྔའི་འཆར་གཞི་བཅོ་ལྔའི་མཚོ་ལྷོ་ཁུལ་གྱི་གློག་ཤུགས་མ་ལག་འཛུགས་སྐྲུན་གྱི་བྱ་བ་མགྱོགས་མྱུར་གྱིས་བཀོད་སྒྲིག་བྱས་ཏེ། རིམ་པ་གཉིས་པའི་མཐོ་གནོན་ཕྱི་སྐྱེལ་བགྲོད་ལམ་གྱི་ཞིབ་བཤེར་ཆོག་མཆན་འགོད་པར་བརྩོན་ལེན་བྱེད་པ།ལྗང་མདོག་རྩིས་ཤུགས་གཙོ་བོ་ཡིན་པའི་ཐཱན་ཉུང་ཐོན་ལས་གླིང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་རིམ་པའི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རྨང་གཞི་བརྟན་པོ་འདིང་བ་དང་།མཛེས་པའི་ཀྲུང་གོ་འཛུགས་སྐྲུན་དང་།3060ཡི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་དོན་སྙིང་ལྡན་པའི་བྱས་རྗེས་འཇོག་དགོས་ཞེས་རེ་བ་བཏོན།
ཆན་ཆིང་ལིན་གྱིས་ཉེ་བའི་ལོ་འགའི་རིང་།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིར་མཚོ་ལྷོ་ཁུལ་གྱི་རྒྱབ་སྐྱོར་ཆེན་པོའི་འོག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྗེས་ཕྱོགས་འགན་འཁྲིར་དམིགས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པ་དང་སྔར་བཞིན་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།ལོ་ལྔའི་འཆར་གཞི་བཅོ་པའི་སྐབས་ཀྱི་མཚོ་ལྷོའི་གློག་ཤུགས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ།བསམ་བློ་བརྗེ་རེས་དང་མཉམ་འབྲེལ་ཕྱོགས་འབད་པ་བསྐྱེད་ནས་ལྗང་མདོག་གློག་རྩིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་བཅས་ལ་ཤུགས་རྒྱག་པ་དང་།གློག་དྲའི་འཕེལ་རྒྱས་ཕྱོགས་ལ་མ་དངུལ་འབོར་ཆེན་གཏོང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེར་བསྐྱེད་དེ་གློག་དྲ་ཕྱོགས་ཡོངས་ནས་གསབ་སྣོན་དང་རིམ་སྤར་བྱ་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞེས་ནན་བཤད་བྱས།
ཁུལ་གྱི་མགོ་ཁྲིད་ཀྲང་ཅི་ཙུང་དང་།སུན་ཅུན་ཞཱ། ལི་ཀུའོ་ཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ལུའོ་ཧན་ཝུའུ། ཏང་ཨུའི་ཨུ་ཡོན།སྤྱིའི་རྩིས་གཉེར་བ་ཡོན་ཧྲི་པང་བཅས་ཐུག་འཕྲད་ནང་ཞུགས་ཡོད་པ་རེད།།