ཝང་ཧྥང་གིས་གསར་འགོད་པའི་དུས་ཆེན་ཐེངས25བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་བསྟན་དོན།

ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཉམ་འདྲེས་སྨྱན་སྦྱོར་ གོང་དུ་འཕེལ་བར་འབད་པ་བྱེད་དགོས།

《 海南报-藏文 》( 2024年11月13日 第 01 版 )

ཚོགས་རའི་ཡུལ་དོངས།

རང་ཚགས་པར་གྱི་འཕྲིན།ཟླ11པའི་ཚེས8ཉིན།ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་ལྔ་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥང་ཚོགས་འདུར་ཞུགས་པ་མ་ཟད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་ཀྱི་གསར་འགྱུར་ལས་རྐང་དུ་འབད་བརྩོན་བྱེད་བཞིན་པའི་གསར་འགོད་པ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས།

ལོ་གཅིག་གི་རིང་ལ།ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བ་ཆེ་མ་ཆུང་གསུམ་དེ་སྨྱུག་རྩེར་བརྟེན་ནས་ངོ་མཚར་གྱི་ལེའུ་གསར་པ་བྲིས་ཡོད་ལ། འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བ་དེ་བརྙན་མིག་བརྒྱུད་ནས་ཟིན་ཐོ་རུ་བཀོད་ཡོད།དུས་ནམ་ཡང་དྲང་བདེན་གྱི་ནུས་པ་ཁྱབ་སྤེལ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།ལྷག་པར་དུ་ད་ལོར་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་གྱི་ནུས་ཤུགས་ཆེར་ཕྱིན་ཡོད་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ཕན་འབྲས་ཐོན་ཡོད་ལ།སྨྱན་སྦྱོར་བརྒྱུད་སྒྲོག་གི་ནུས་པ་མཐོ་རུ་ཕྱིན་ནས་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གླེང་ཕྱོགས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

ཚོགས་རའི་ཡུལ་དོངས།ཝང་ཧྥང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགོད་པ་རྣམས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ཏང་གཤིས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།མི་དམངས་ལ་འགན་འཁུར་བའི་འདུ་ཤེས་བརྟན་པོར་བཟུང་སྟེ།དུས་ནམ་ཡང་ཆབ་སྲིད་ཐད་བློ་རྩ་བརྟན་ཞིང་བྱ་བའི་ཐད་དངོས་དོན་བསྒྲུབ་པ།བསམ་བློའི་ཐད་གསར་གཏོད་ཡོད་པ་དང་ཕན་འབྲས་ཐད་མངོན་གསལ་དོད་པ་བཅས་ལ་འབད་དེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གོང་དུ་འཕེལ་བ་དང་འགན་འཁྲི་འཁུར་ཕོད་པའི་འདུ་ཤེས་བརྟན་པོ་ཞིག་ཆགས་པར་འབད་དགོས་ཤིང་།ད་ལྟའི་མཚོ་ལྷོའི་ཡུལ་ལྗོངས་མཛེས་ལ།མི་དམངས་ལ་བློ་སྤོབས་ཆེ་བ།མདུན་ལམ་ཡངས་ཤིང་རྒྱ་ཆེ་བས།གུང་ཧོའི་གཤོང་སའི་ལྗང་མདོག་དར་སྤེལ་གཏོང་བའི་ལམ་ཁར་བསྐྱོད་དང་བསྐྱོད་བཞིན་ཡོད་པས། རྒྱ་ཆེའི་གསར་འགོད་པ་རྣམས་ཀྱིས་དྲང་བདེན་བརྟན་སྲུང་དང་གསར་གཏོད་ཀྱི་བློ་སྤོབས་བསྐྱེད་དེ་བདེན་དོན་ཕྲག་ཏུ་འཁུར་ནས་བརྩམས་ཆོས་ཡག་པོ་རྩོམ་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་ཉིད་ཀྱི་ངག་ལ་བརྟེན་ནས་སྐབས་དོན་གསར་འགྱུར་བརྒྱུད་སྒྲོག་བྱེད་པ་དང་།སྨྱུག་རྩེར་བརྟེན་ནས་དུས་རབས་འདིའི་ཟིན་ཐོ་འགོད་པ། བརྙན་མིག་བརྒྱུད་ནས་དྲང་བདེན་གྱི་ནུས་པ་ཁྱབ་སྤེལ་བཏང་སྟེ་གཙོ་ཆེ་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་རང་ཁུལ་གྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བར་སྟོབས་ཤུགས་འབུལ་དགོས།རྒྱ་ཆེའི་གསར་འགོད་པ་རྣམས་ཀྱིས་ལས་འགན་ལ་བློ་དཀར་བའི་འདུ་ཤེས་བཟུང་སྟེ་མི་དམངས་ཀྱི་ཆེད་དུ་གསར་འགྱུར་འབྲི་བ་མཐའ་འཁྱོངས་བྱེད་པ་དང་།དུས་རབས་ཀྱི་ཆེད་དུ་བསྟོད་གླུ་ལེན་པ།འགྲོ་ནུས་དང་བལྟ་ནུས།བསམ་ནུས།འབྲི་ནུས་བཅས་ནུས་པ་བཞི་མཐོ་རུ་བཏེགས་ཏེ།དོན་དངོས་དང་འཚོ་བ།མང་ཚོགས་བཅས་དང་སྔར་ལས་ཐག་ཉེ་སར་བཅར་ནས།བརྩེ་སེམས་ལྡན་པ་དང་སྤུས་ཚད་ལྡན་པ།སྲོག་ཤིང་ཡོད་པ་བཅས་ཀྱི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་གསར་རྩོམ་བྱས་ནས།གསོན་ཉམས་ལྡན་ཞིང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་མཚོ་ལྷོའི་གཏམ་རྒྱུད་བརྗོད་དེ་མཚོ་ལྷོའི་སྣང་བརྙན་གསར་བཞེངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།།