དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཆས་ཐོག་མ་སྒྲིག་འཛུགས་བྱས་ནས་བེད་སྤྱོད་བྱེད་མགོ་ཚུགས་པ།

《 海南报-藏文 》( 2024年11月13日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ11ཚེས8ཉིན།རྒྱལ་ཁབ་གློག་ཤུགས་མ་གཏོང་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིས་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཆས་ཐོག་མའི་སྒྲིག་འཛུགས་བྱ་བ་ལེགས་འགྲུབ་བྱུང་སྟེ་དངོས་སུ་བེད་སྤྱོད་བྱེད་མགོ་ཚུགས་པ་དེས་ཆུ་གློག་ས་ཚིགས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་དེ་ལོ་མཇུག་ཏུ་ཤོང་ཚད་ཧྲིལ་པོ་བེད་སྤྱོད་བྱེད་ཐུབ་པའི་དམིགས་ཚད་ཕྱོགས་ནས་མདུན་དུ་སྤོས་ཡོད་པ་མཚོན་ཡོད་པ་རེད།

དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་མངའ་ཁོངས་སུ་ཡོད་པ་དང་རྒྱལ་ཁབ་ཀྱིས་འཆར་འགོད་འཛུགས་སྐྲུན་བྱས་པའི་གཙོ་གནད་ཆུ་གློག་བཟོ་སྐྲུན་དང་རྒྱལ་ཁབ་གློག་ཤུགས་མ་གཏོང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ནུས་ཁུངས་ཀྱི་འགན་ལེན་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན་ལ།གློག་འདོན་འཕྲུལ་ཆས་ཀྱི་སྤྱིའི་ཤོང་ཚད་སྟོང་ཝ་ཁྲི120ཡིན་པ་དང་ལོ་རེར་ཆ་སྙོམས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར47.32བསླེབ་ངེས།།