ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རང་ཁུལ་གྱི་ ཡུལ་གྲུ་ཀུན་ཏུ་ཁྱབ་པ།

གསར་འགོད་པ།བུ་མོ་མཆོགདོན་འགྲུབ་སྒྲོལ་མ།

《 海南报-藏文 》( 2024年08月07日 第 03 版 )

ཉིན་ཤས་རིང་།ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རང་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་། ཚང་མས་ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་མཐར་ཕྱིན་བྱེད་པ་དང་འགན་འཁྲི་འཁུར་ཕོད་པའི་ཆོད་སེམས་བརྟན་པོ་དེ་མཚོན་ཡོད་ལ།སྤྱི་བསྒྲགས་དེ་ནི་རྒྱང་བསྐྱོད་ལམ་བུ་གསར་པའི་ཐོག་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་མཛུབ་ཁྲིད་ཀྱི་གཞི་རྩའི་ཡིག་ཆ་གལ་ཆེན་ཞིག་ཡིན་པས།བསམ་བློ་དང་སྤྱོད་སྟངས་གཉིས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ།སྟོབས་ཤུགས་གཅིག་སྒྲིལ་དང་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་རྣམ་པ་གསར་པ་མངོན་ཡོད་ཟེར།

2022ལོའི་ཟླ7པའི་ཚེས10ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་ལྷོ་ཁུལ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་བརྗོད་དོན་ཡིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཆོག་མཆན་བཀོད་པ་དེས་མཚོ་ལྷོ་ཁུལ་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ལམ་ཁ་གསར་པ་ཞིག་འཚོལ་བསྙེགས་བྱས་ཏེ་བཅོས་སྒྱུར་གྱི་དུས་བབས་གལ་ཆེན་དུ་སླེབས་པ་རེད།

བཏུལ་ཐང་ནི་སྔོན་ཆད་མཚོ་སྔོན་ཞིང་ཆེན་གྱི་བྱེ་རླུང་གི་གནོད་འཚེ་ཆེས་ཚབས་ཆེན་ཡིན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ།ད་ལྟ་གནས་དེར་འོད་བསྡུ་ཤེལ་ལེབ་ཀྱིས་ཕྱོགས་གང་སར་ཁྱབ་སྟེ་ཕྱོགས་བཞི་མཚམས་བརྒྱད་དུ་ཉི་འོད་འཕྲོ་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།རང་ཁུལ་ལ་ལོ་རེ་ནས་ལོ་རེར་འགྱུར་ལྡོག་བྱུང་སྟེ་བྱེ་རླུང་འཚུབ་པའི་མྱ་ངམ་ཐང་དེ་སྔོ་ལྗང་གི་རྩྭ་ཐང་ཞིག་ཏུ་གྱུར་འདུགདེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་གིས་ཕན་ཐོགས་པ་ཡིན་ལ།ལག་ལེན་གསར་པ་དང་འཕོ་འགྱུར་གསར་པའི་སྣེ་ཁྲིད་ལས་ཡིད་དུ་འོང་བའི་བདེན་དོན་དང་སྟོབས་ཤུགས་ལྡན་པའི་གྲུབ་འབྲས་དངོས་ཡིན་ཅེས་ཁུལ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ལིན་གྱིས་དེ་ལྟར་བཤད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག་མཚོ་ལྷོས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་བསྐྱོད་ལམ་བུ་གསར་པར་བསྐྱོད་དེ་ཞིང་ཆེན་ཡོངས་ཀྱི་སྔོན་དུ་བསྐྱོད་པའི་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་དེ་ཐུན་ཏེ་རྫོང་དེང་རབས་ཕྱུགས་ལས་ཚན་རྩལ་ཐོན་ལས་དཔེ་སྟོན་གླིང་གི་ཏང་ཡོན་ལས་བཟོ་བས་སློབ་སྦྱོང་དང་བགྲོ་གླེང་བྱེད་སྐབས་དཔེ་སྟོན་གླིང་གི་སྤྱི་གཉེར་བ་ཧྭ་ཧའེ་ཆོན་གྱིས་གླིང་ཁུལ་གྱིས་མཚོ་ལྷོ་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཆར་འགོད་ཀྱི་ཇུས་གཞི་གཞིར་བཟུང་ནས་ནོར་ནག་གསོ་སྤེལ་དང་སྐམ་ཤ་ཐོན་སྐྱེད།ནོར་རྒྱུད་སྤེལ་བ་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཙོར་བཟུང་སྟེ་ཕྱུགས་རིགས་འཕེལ་ཤུགས་རྒྱས་པའི་སྤུས་མཐོའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་གཏོད་ཡོད་ཅེས་བཤད།

ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མ་རུའེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་རྗེས་མྱོང་ཚོར་ཟབ་མོ་ཞིག་ཐོན་བྱུང་ལ།ཉེ་བའི་ལོ་འགའི་རིང་ཆུ་སྔོན་གྲོང་རྡལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་སྒོ་ཀུན་ནས་ས་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་པར་འབད་བརྩོན་ལྷོད་མེད་བྱས་པ་ཡིན་ཟེར།

(འཕྲོ་མ་པར་ངོས3པར་གཟིགས།)

(པར་ངོས2པར་མཐུད་པ།)ཉེ་བའི་ལོ་ཤས་རིང་། ང་ཚོ་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ཏེ་ཁྱིམ་མཚེས་དབར་གྱི་རྩོད་གཞི་གཞི་རིམ་ནས་ཐག་གཅོད་དང་གྲོས་དོན་གཞི་རིམ་དུ་ཕྱོགས་བསྡོམས་བྱས་པ་ཡིན། རྗེས་ཕྱོགས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་བཅོས་སྒྱུར་ཁྲོད་མི་དམངས་མང་ཚོགས་གཙོར་འཛིན་པ་དང་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་བཞིན་པའི་གནད་དོན་དག་ཐག་གཅོད་བྱ་རྒྱུ་ཡིན་ཟེར།

ཀོས་ནན་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ལྟར་བཅོས་སྒྱུར་གྱི་ལས་འགན་ལ་དམིགས་ནས་རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་དར་རྒྱས་གོང་འཕེལ་དང་།རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་འགྲོ་བར་འབད་བཞིན་ཡོད་ལ།རྫོང་དེས་ཞིང་སྡེ་ཡུལ་སྐོར་འཕེལ་རྒྱས་སུ་འགྲོ་བའི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་ཁྱད་ལྡན་ཐོན་ཁུངས་དང་རྫོང་མཐུག་པའི་རིག་གནས་ཀྱི་རྒྱབ་ལྗོངས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་གལ་ཆེན་ཞིག་གྱུར་ཡོད་པ་རེད།

ཀོས་ནན་རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་བཀྲ་ཤིས་མཚོ་ཡིས་བསྟུད་མར་གྱི་ལོ་དགུའི་རིང་།ཀོས་ནན་རྫོང་གིས་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སྤྱི་ཚོགས་ལས་རིགས་ཁག་ལ་ཀོས་ནན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་ཀྱི་མཛེས་ཉམས་ངོམས་ནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཁ་གལ་ཆེན་ཞིག་དང་རིགས་སོ་སོའི་མི་དམངས་མང་ཚོགས་བར་ཕན་ཚུན་འབྲེལ་བ་དམ་པོ་འཛིན་བའི་སྦྲེལ་ཐག་ཅིག་ཏུ་གྱུར་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་ལས་ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འགན་སྲུང་གལ་ཆེན་ཞིག་ཡིན་ལ།དེའི་ནང་རྒྱལ་ཁབ་ཀྱིས་ཕྱོགས་གང་ཅིའི་ཐད་ཀྱི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་དགོས་པ་བསྟན་ཡོད་པར་ཁྲི་ཀ་རྫོང་སྤྱི་བདེ་ཅུའུ་ལ་ཟེ་བ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚང་མས་བློ་ལ་ངེས་ཡོད་ལ།དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་གཞི་རིམ་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཁྲིམས་ལྟར་གྱོད་དོན་རེ་རེ་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ལ་དྲང་བདེན་ཡོད་པ་རྟོགས་སུ་བཅུག་སྟེ་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞིག་ཞུ་བར་འབད་རྒྱུ་ཡིན་ཅེས་ལ་ཟེ་བ་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་ཆི་ཧའེ་ཡིས་དེ་ལྟར་བཤད།

ཚང་འཛོམས་གྲོས་ཚོགས་སྟེང་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ཅེས་བསྟན་ཡོད་ལ།གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་གྱོག་ཁ་སྡེ་བ་ནི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་ཡུལ་སྐོར་དཔེ་སྟོན་སྡེ་བ་དང་གུང་ཧོ་རྫོང་གི་དཔལ་ཡོན་སྡེ་བ།གུང་ཧོ་རྫོང་གི་སྡེ་བ་རིམ་པའི་ཕུལ་བྱུང་ཞབས་ཞུ་ས་ཚིགས་ཡིན་པའི་ཆ་ནས་སྡེ་བ་དེས་རང་བྱུང་མཛེས་ལྗོངས་དང་རིག་གནས་སྣ་འཛོམས་ཡིན་པ།ཞིང་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་བཅས་ལ་བརྟེན་ཏེ་ཞིང་སྡེ་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་དཔེ་སྟོན་ས་ཚིགས་དར་སྤེལ་གཏོང་བར་འབད་དེ་ཞིང་ལས་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་ཤུགས་འདོན་བཞིན་ཡོད་པ་རེད།

གྱོག་ཁ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲུང་ཧྲང་ཧྥུང་གིས་སྡེ་བའི་མི་ལོ་བཅུའི་རིང་གི་འཕེལ་རྒྱས་བདེན་དཔང་བྱེད་དུས།ཁོང་གིས་ལོ་འདི་དག་གི་རིང་ང་ཚོ་དབུལ་ཕོངས་ལས་ཐར་བར་མ་ཟད།སྡེ་བའི་ཁྱད་ལྡན་ཐོན་ལས་ཀྱང་འཕེལ་རྒྱས་སུ་བཏང་ཡོད།ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་དར་ཞིང་ཕན་དང་ཞིང་པ་ཕྱུག་པོར་འགྱུར་བར་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་བཤད་ཡོད་པས།ཞིང་པ་ཚོའི་ཕྱུག་འགྱུར་གྱི་ལམ་ཁ་ཆེར་བསྐྱེད་དེ་འཚོ་བ་སྔར་ལས་ཇེ་སྐྱིད་དུ་འགྲོ་རྒྱུ་རེད་ཟེར།།