ཀྲུང་གོའི་ཞིང་ལྗོངས་ལྔའི་བརྙན་འཕྲིན་སྟེགས་བུའི་བོད་ཀྱི་གླུ་ཤགས་ གཟིགས་འབུལ་སྐབས་བཞི་བ་བསྡུས་པ།

《 海南报-藏文 》( 2024年08月07日 第 03 版 )

སྲིད་པ་ཤགས་ཀྱི་དགྱེས་འཛོམས། སྐལ་བཟང་དུས་ཀྱི་མཆོད་པ།ཅང་མ་འགོར་བའི་སྔོན་ལ།ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་།ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས།མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་ཤིང་།ཁྲི་ཀ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་ཁྲི་ཀ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།མཚོ་ལྷོ་ཁུལ་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་དང་མཚོ་ལྷོ་ཁུལ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས།མཚོ་སྔོན་ཀླུ་ཚང་རིག་གནས་སྒྲོག་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟི།མཚོ་སྔོན་ཙན་དན་ལོ་མ་བོད་ལུགས་ཁྱིམ་ཆས་ཆེད་ཚོང་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་བྱས་པའི་ཀྲུང་གོའི་ཞིང་ལྗོངས་ལྔའི་བརྙན་འཕྲིན་སྟེགས་བུའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་བཞི་བ་རྨ་ཡུལ་ཁྲི་ཀ་རུ་བསྡུས།ཐེངས་འདིའི་གཟིགས་འབུལ་ལ་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན།ཀན་སུའུ་ཞིང་ཆེན།མཚོ་སྔོན་ཞིང་ཆེན་བཅས་ཀྱི་བོད་འབྲེལ་ས་ཁུལ་ཁག་ནས་ཕེབས་པའི་གླུ་བ་གླུ་མ50ལྷག་མཉམ་གཅིག་ཏུ་འཛོམས་ནས་སྲིད་པ་ཤགས་ཀྱི་དགྱེས་སྟོན་ལ་རོལ།མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བཀྲ་ཤིས།མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དཔལ་ལྡན།ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བསོད་ནམས་རྡོ་རྗེ་བཅས་གཟིགས་འབུལ་གྱི་བྱ་དགའ་སྩོལ་པའི་མཛད་སྒོའི་སྟེང་ཞུགས་ཏེ།མི་སྒེར་དང་ཐུན་མོང་གི་གཟིགས་འབུལ་གྱི་བྱ་དགའ་གནང་།

ཐེངས་འདིའི་གཟིགས་འབུལ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར75འགོར་བར་རྟེན་འབྲེལ་ཞུ་བའམ་བོད་འབྲེལ་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ཕུལ་བྱུང་རིག་རྩལ་བྱ་འགུལ་གྱི་འཕེལ་རྒྱས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཙོ་གནད་རིག་རྩལ་བྱ་འགུལ་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་ཞིག་སྟེ།ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཡིན་ལ།རིག་གནས་ཀྱི་རང་རྟོན་ཆེ་རུ་བསྐྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་སོགས་ཀྱི་དགོངས་དོན་ལ་ལག་ལེན་བྱས་པའང་ཡིན།

ཐེངས་འདིའི་གཟིགས་འབུལ་ལ་བོད་འབྲེལ་ས་ཁུལ་ཁག་གི་གླུ་བ་གླུ་མ182ཀྱིས་མིང་ཐོ་བཀོད་ཅིང་། གཟིགས་འབུལ་དངོས་ལ་ས་ཁུལ་སོ་སོའི་འཐུས་ཚབ་རང་བཞིན་ལྡན་པའི་གླུ་བ་དང་མཚོ་སྔོན་ཞིང་ཆེན་གྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་སྡུར་ཆེན་མོ་སྐབས་སྔོན་མ་དག་ཏུ་བྱ་དགའ་ཐོབ་མྱོང་མཁན་གྱི་གླུ་བ་རྣམས་ཏེ།ལོ་ནའི་ཆ་ནས་ཀྱང་ཆེས་མཐོ་བ76དང་ཆེས་ཆུང་བ5བར་ཡིན།ཐེངས་འདིའི་གཟིགས་འབུལ་སྟེང་ཀན་སུའུ་ཡི་གླུ་བ་རིན་ཁོ་དང་སི་ཁྲོན་གྱི་གླུ་བ་པདྨ་རིག་འཛིན།བོད་རང་སྐྱོང་ལྗོངས་ཀྱི་གླུ་མ་ཚེ་རིང་མཚོ་མོ།མཚོ་སྔོན་གྱི་གླུ་མ་ཚེ་ཕྱུག་སྒྲོལ་དཀར་སོགས་གླུ་བ་གླུ་མ38ལ་མི་སྒེར་གྱི་གཟིགས་འབུལ་བྱ་དགའ་གནང་ཞིང་།རྒུ་རུ་གླུ་གར་ཚོགས་པ་དང་ཁྲི་ཀ་རྫོང་དམངས་གླུ་མཐུན་ཚོགས་སོགས་ལས་ཁུངས12ལ་ཕུལ་བྱུང་རྩ་འཛུགས་ཀྱི་གཟིགས་འབུལ་བྱ་དགའ་གནང་།

གླུ་ཤགས་ཞེས་པའི་དམངས་ཁྲོད་ཀྱི་ངག་རིག་སྒྱུ་རྩལ་འདི་ལ་སྲུང་སྐྱོང་དང་རྒྱུན་འཛིན།དར་སྤེལ་བྱེད་པའི་ཆེད་དུ།2013ལོ་ནས་བཟུང་མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ཀྱི་དམངས་གླུའི་ལེ་ཚན(གླུ་ཤགས)ཞེས་པ་བསྒྲུབས་མགོ་བརྩམས་ཤིང་།མིག་སྔའི་བར་དུ་ལེ་ཚན་ཁག180བསྒྲུབས་ཤིང་།གླུ་བ400ལྷག་གིས་སྲིད་པ་ཤགས་ཀྱི་སྒྱུ་རྩལ་འདི་བརྙན་འཕྲིན་དང་དྲ་ལམ་ནས་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་གཟིགས་མོར་ཕུལ་པས་བོད་འབྲེལ་ས་ཁུལ་གཙོ་བྱས་རྒྱལ་ཡོངས་ཀྱི་གླུ་ཤགས་ལ་དགའ་མཁན་ཡོངས་ཀྱིས་དགའ་བསུ་ཆེན་པོ་གནང་ངོ་། །