- 放大
- 缩小
- 默认
ཀོས་ནན་ལུག་ནག་ཤ་ལ་རོལ་མྱོང་བྱེད་པའི་ གསོལ་སྟོན་ཟི་ལིང་དུ་བསྡུས་པ།
《 海南报-藏文 》( 2024年08月07日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས2ཉིན།ཀོས་ནན་རྫོང་གི2024ལོར་ལུག་ནག་ཤ་ལ་རོལ་མྱོང་བྱེད་པའི་གསོལ་སྟོན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་བྱ་འགུལ་ཟི་ལིང་བསྡུས་པ་རེད།
ཀོས་ནན་རྫོང་གི་མངའ་ཁོངས་རྒྱ་ཆེ་བ་དང་ས་བབ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ།མཚོ་སྔོན་གྱི་ཕྱུགས་ལས་འཕེལ་རྒྱས་ཅུང་སྔ་བའི་ས་ཁུལ་ཞིག་ཡིན།ཉེ་བའི་ལོ་འགའི་རིང་།ཀོས་ནན་རྫོང་གིས་འདེབས་འཛུགས་དང་གསོ་སྤེལ།ཞིང་ཕྱུགས་ཐོན་རྫས་ལས་སྣོག་སོགས་གཙོར་བཟུང་སྟེ་ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་བྱེད་པར་ཤུགས་བསྣན་ནས།རིགས་མི་འདྲ་བའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས12ཐོ་འགོད་བྱས་པ་དང་སྐྱེ་ལྡན་ཐོན་རྫས་རིགས9དང་།མཉམ་ལས་ཁང22ནང་ནོར་ལུག་ཁྲི62.83གསོ་རྒྱུ་དང་རྩྭ་ར་སྤྱི་ཆིང་ཁྲི41.7བཀོལ་སྤྱོད་བྱ་རྒྱུའི་བདག་སྤྲོད་བྱས་ཡོད་ལ།ཞིང་ཕྱུགས་ཐོན་རྫས་དཔང་བདེན་ར་སྤྲོད་བྱེད་ཚད55%ཡན་ཟིན་ཡོད།
རྒྱུས་ལོན་བྱུང་པ་ལྟར་ན།ཀོས་ནན་རྫོང་གིས་གཙོ་བོ་ལུག་ནག་དང་ནོར་ནགནས་དང་ལོག་དཀར།ཞོག་ཁོགབཙགས་དྲུབ་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་དྲུག་གསོ་སྐྱོང་བྱེད་བཞིན་ཡོད་ལ།དེའི་ནང་ལུག་ནག་ནི་རྫོང་འདིའི་ཁྱད་ཆོས་ལྡན་པའི་ཕྱུགས་རིགས་ཤིག་ཡིན་པ་རེད།
ཐེངས་འདིར་ངོ་སྤྲོད་བྱ་འགུལ་འདི་སྤེལ་བའི་དམིགས་ཡིན་ནི་ཀོས་ནན་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱོགས་ཡོངས་ལ་མངོན་པ་དང་།ཕྱི་ཕྱོགས་དང་མཉམ་སྦྲེལ་བྱེད་པར་ནུགས་ཤུགས་འདོད་པ།མཛེས་པའི་ཀོས་ནན་གི་མང་གྲགས་ཆེ་བའི་སྤུས་རྟགས་དང་ཚོང་རའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་བ་རྒྱལ་ཡོངས་སུ་བཀྲམ་རྒྱུ་དེ་རེད།
ཐེངས་འདིའི་བྱ་འགུལ་དེ་ཟླ8ཚེས8ཉིན་བར་ཟི་ལིང་གྲོང་ཁྱེར་གྱི་མཁར་ནུབ་ཁུལ་དང་མཁར་བྱང་ཁུལ་བདུན་པ།མཁར་བྱང་ཁུལ་གྱི་པེ་ཁྲོན་ཝན་ཏ།མཁར་ཤར་ཁུལ་གྱི་ཝུའུ་ཡུའེ་ཐང་ཆེན།མཁར་དཀྱིལ་ཁུལ་ཤམ་བྷ་ལ་སོགས་སུ་ཁྱད་ཆོས་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་དང་ཁྱད་ལྡན་ཟས་མཆོག་ལ་རོལ་བ།ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་སྟོན།ཐད་གཏོང་ཚོང་གཉེར་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་པར་མ་ཟད།ལུག་ནག་ཡན་ལག་ཚོང་ཁང་གཉིས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུ་རྒྱུ་རེད།