- 放大
- 缩小
- 默认
ཁུལ་ཚན་སྐོར་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས་བརྒྱད་གཅིག་གི་འཚམས་འདྲིའི་བྱ་འགུལ་སྤེལ་བ།
《 海南报-藏文 》( 2024年08月07日 第 01 版 )
ཀརྨ་ཕུན་ཚོགས་འཁོར་དང་བཅས་པའི་མཚོ་ལྷོ་ཁུལ་ཡན་ལག་དམག་ཁུལ་དུ་འཚམས་འདྲི་བྱེད་བཞིན་པའི་ཚུལ་རེད།
རང་ཚགས་པར་གྱི་འཕྲིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པར་རྟེན་འབྲེལ་ཞུ་ཆེད།ཟླ8པའི་ཚེས་མགོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་གིས་སོ་སོར་སྣེ་ཁྲིད་དེ་མཚོ་ལྷོ་ཁུལ་ཡན་ལག་དམག་ཁུལ་དང་མཁའ་དམག93932དཔུང་སྡེ་རུ་ཁགདྲག་ཆས་ཉེན་རྟོག་མཚོ་ལྷོ་རོགས་སྐྱོབ་རུ་ཁགཁུལ་མེ་ཟོན་རོགས་སྐྱོབ་རུ་ཁག་བཅས་སུ་སོང་ནས་ཁུལ་ཚན་སྐོར་ཆེན་མོ་བཞི་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་རྒྱ་ཆེའི་བཅའ་སྡོད་དམག་དཔོན་བཅས་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་རེད།
འཚམས་འདྲི་བྱེད་སྐབས་ཀརྨ་ཕུན་ཚོགས་དང་མཱ་ཅན་ཧུང་གིས་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་དཔོན་དམག་གི་འཐུས་མི་རྣམས་ལ་མཛའ་བརྩེའི་ངང་གླེང་མོལ་བྱས་ཏེ་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན་པ་དང་།ཁོང་ཚོས་འཕྲལ་བསྟུན་བརྟན་སྲུང་དང་ཉེན་སེལ་རྒུད་སྐྱོབ།ས་གནས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་རེད།ཀརྨ་ཕུན་ཚོགས་ཀྱིས་ཉེ་བའི་ལོ་འགའི་རིང་ལ།ཁུལ་དུ་བཅའ་སྡོད་བྱས་ཡོད་བྱས་པའི་དམག་དཔུང་རུ་ཁག་དང་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དམག་འཐབ་བྱེད་ཕོད་པ།རྒྱལ་ཁ་ལེན་ཐུབ་པའི་རྩ་དོན་སྲུང་སྟེ།དམག་དཔུང་སྟོབས་ཤུགས་ཅན་དུ་གཏོང་བ་དང་དེང་རབས་ཀྱི་གསར་བརྗེ་དམག་མིའི་རྩ་བའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེང་པར་ཧུར་ཐག་བྱས་ནས།འཕྲལ་བསྟུན་དམག་འཐབ་ནུས་ཤུགས་ཆེར་བསྐྱེད་དེ་རྒྱལ་སྲུང་སྐུལ་སློང་བྱ་བ་བརྟན་བརླིང་ངང་གོང་དུ་སྤེལ་ཡོད་ལ།རྒྱ་ཆེའི་དཔོན་དམག་དང་མེ་ཟོན་བཀོད་འཐབ་པ་རྣམས་ཀྱིས་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་མུ་མཐུད་དུ་དར་སྤེལ་བཏང་སྟེ་བཅའ་སྡོད་བྱ་ཡུལ་དེ་རང་གི་ཕ་ཡུལ་ལྟར་དུ་བརྩིས་ནས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔའ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་བཞག་ཡོད་ལ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་བསྣན་ཡོད་ཅེས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ཆེན་དུ་གཏོང་དགོས་པ་དང་།དམག་དཔུང་སྟོབས་ཆེན་དུ་གྱུར་ཚེ་ད་གཟོད་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ་པས།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།སྤྱི་དམངས་ཡོངས་ཀྱི་གཡོལ་ཐབས་མེད་པའི་ཁྲིམས་བཅད་ཀྱི་འོས་འགན་ཞིག་ཀྱང་ཡིན་པས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནམ་ཡང་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་དང་།དམག་བཀུར་ཁྱིམ་སྐྱོང་གི་བྱ་བ་སོ་སོ་ལེགས་པར་བསྒྲུབས་ཏེ་དམག་དཔུང་འཛུགས་སྐྱོང་དང་རྒྱ་ཆེའི་དཔོན་དམག་གི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དང་དུས་རབས་གསར་པའི་དམག་དང་སྲིད་བར།དམག་དང་དམངས་བར་གྱི་མཐུན་སྒྲིལ་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ་མཚོ་ལྷོའི་གཉིས་བཀུར་བྱ་བར་གྲུབ་སྔར་ལས་འབྲས་གསར་པ་ཞིག་ལེན་དགོས་པར་བསྟན།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་ཁྲིམས་ཨུ་ལྷན་ཡོན་ཁང་གི་ཧྲུའུ་ཅི་ཆན་གོ་ཆིན།ཁུལ་གྱི་མགོ་ཁྲིད་ཀྲང་ཅི་ཙུང་།སུན་ཅུན་ཞ།ཧྥན་རེན་ཡོན།ལི་ཝེ།ཀྲའོ་ཀུའེ་ལེན།ཅིན་ཡུང་ཅེ་འཚམས་འདྲིའི་བྱ་འགུལ་ལ་ཞུགས་པ་རེད།།