རང་ཞིང་གིས་སྒོར་དུང་ཕྱུར2བཏང་ནས་ཆུ་མཛོད་ས་ཁུལ་གྱི་གནས་སྤོར་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱས་པ།

《 海南报-藏文 》( 2024年07月31日 第 03 版 )

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།ད་ལོར་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་གནས་སྤོར་བཀོད་སྒྲིག་ཅུའུ་དང་མཉམ་དུ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2བཏང་ནས་རང་ཞིང་གི་ཆུ་མཛོད་ས་ཁུལ་གྱི་གནས་སྤོར་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱས་པ་དང་།གཙོ་བོར་ཆུ་མཛོད་ས་ཁུལ་དང་གནས་སྤོར་བཀོད་སྒྲིག་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་གཞི།གནས་སྤོར་ཁ་གསབ་སྟེར་བ་སོགས་ཀྱི་ཐད་བཀོལ་སྤྱོད་བྱས་ཏེ།རང་ཞིང་གི་ཆུ་མཛོད་ས་ཁུལ་གྱི་གནས་སྤོར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་གཏོང་བར་ཁག་ཐེག་བྱས།

རང་ཞིང་གི་ཆུ་མཛོད་ས་ཁུལ་གྱི་གནས་སྤོར་བྱས་རྗེས་མི་གྲངས71609ཡོད་པ་དང་།གཙོ་བོ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར།མཚོ་ནུབ་ཁུལ།མཚོ་ལྷོ་ཁུལ།མཚོ་བྱང་ཁུལ།རྨ་ལྷོ་ཁུལ།ཡུས་ཧྲུའུ་ཁུལ་བཅས་གྲོང་ཁྱེར་དང་ཁུལ7གྱི་རྫོང22སུ་ཁྱབ་ལ།ཆུ་མཛོད་ས་ཁུལ་གྱི་རྒྱ་ཆེའི་གནས་སྤོར་མང་ཚོགས་ཀྱིས་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོརའཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་ཡོད།གནས་སྤོར་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། ཆུ་མཛོད་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱ་ཆེད། 2007ལོར་ཆུ་མཛོད་ས་ཁུལ་གྱི་གནས་སྤོར་མང་ཚོགས་ཀྱི་རོགས་སྐྱོར་ཐེབས་རྩ་བཙུགས་པའི་ཚུན་དུ།ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྡོམས་པས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར24བཀོད་སྒྲིག་བྱས་ནས།ཆུ་མཛོད་ས་ཁུལ་དང་གནས་སྤོར་བཀོད་སྒྲིག་ས་ཁུལ་གྱི་ཐོན་ལས་ལས་གཞི་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་སྒྲིག་ཆས་འཛུགས་སྐྲུན། འགྲིམ་འགྲུལ།གློག་ཆུ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གནས་སྤོར་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ཀྱི་གསོ་སྦྱོང་དང་ལས་རིགས་སློབ་གསོ་སོགས་བྱེ་བྲག་གི་བྱ་བར་རྒྱབ་སྐྱོར་བྱས་པ་བརྒྱུད་དེ།ཆུ་མཛོད་ས་ཁུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་འགན་སྲུང་བྱས་པ་དང་།རང་ཞིང་གི་ཆུ་མཛོད་ས་ཁུལ་གྱི་གནས་སྤོར་བྱས་རྗེས་ཀྱི་རོགས་སྐྱོར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།།