ཁུལ་སྲིད་གཞུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

《 海南报-藏文 》( 2024年07月31日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས25ཉིན།ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱི་མགོ་འཛིན་བྱས་ནས་ཁུལ་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱི་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱ་བསྐྱེད་ཚོགས་འདུའི་དགོངས་དོན། ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱི་རྒྱ་བསྐྱེད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་།ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པ་དང་ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན།ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཐད་ནས་བཀོད་སྒྲིག་བྱས་ཏེ།ང་ཚོའི་ཏང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོར་བསྟན་པ་དང་།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་མཐར་ཕྱིན་བྱ་རྒྱུའི་ཆོད་སེམས་བརྟན་པོར་མངོན་པ།ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན།ཚང་འཛོམས་གྲོས་ཚོགས་ལས《ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།བརྗོད་བྱ་མངོན་གསལ་ཡིན་པ་དང་བདེན་འཚོལ་དངོས་གཉེར་ཡིན་པ།བྱེད་ཐབས་ནུས་ལྡན་ཡིན་པས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གཞི་རྩའི་ཡིག་ཆ་གལ་ཆེན་ཞིག་ཀྱང་ཡིན།

ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་ཁུངས་སོ་སོས་གཏན་འཁེལ་གཉིས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་ནས།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ།བསམ་བློ་དང་སྤྱོད་སྟངས་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས་ཤིང་།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་དགོས་ལ། དུས་རབས་གསར་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་རྩ་དོན་དང་དམིགས་ཚད་བླང་བྱ།གཙོ་གནད་ལས་འགན་བཅས་ལ་སློབ་སྦྱོང་བཟང་པོ་དང་གོ་བ་གཏིང་ཟབ་ལེན་པ།ཏང་གི་མགོ་ཁྲིད་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་གྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་མཐོ་རུ་བཏང་ནས།ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་མཚོ་ལྷོའི་ས་གཞི་ཆེན་པོ་པའི་སྟེང་རྩ་བ་ཚུགས་ནས་རྩེ་མོ་རྒྱས་བར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན།

(འཕྲོ་མ་པར་ངོས3པར་གཟིགས།)

(པར་ངོས1པོར་མཐུད་པ། )ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་བསུ་བ་བྱེད་པའི་དུས་སྐབས་གལ་ཆེན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་ཚིགས་འདིར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ།ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་རིང་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་བྱས་པ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པ།མཚོ་སྔོན་གྱི་བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་གྲུབ་འབྲས་མི་སྨིན་པ་བླངས་ཡོད་པ།ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་འབད་བརྩོན་བྱེད་པའི་བྱ་གཞག་སོ་སོར་ཕྱོགས་ཡོང་ནས་བཀོད་སྒྲིག་དང་སྤྱི་བསྡོམས་བྱས་ཤིང་།ཚང་འཛོམས་གྲོས་ཚོགས་སྟེང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་འབད་བརྩོན་བྱེད་པའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་ལ།ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་དེ་མཚོ་སྔོན་གྱི་གནས་བབས་དངོས་དང་དམིགས་ནས་ཞིབ་ཚགས་ཀྱི་བཀོད་སྒྲིག་བྱས་ཡོད་པས།ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་ཕྱོགས་གང་ཐད་ནས་མངོན་ཡོད་ཅེས་བསྟན།

ཚོགས་འདུའི་སྟེང་སྲིད་གཞུང་གི་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ།སློབ་པ་གཏིང་ཟབ་པ་དང་གོ་བ་གཏིང་ལོན་པའི་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་འབད་པ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པར་བཀོད་སྒྲིག་ལེགས་པོ་བྱས་ཏེ་ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆགས་པ། རང་འགུལ་གྱིས་ཞབས་ཞུ་དང་འཕེལ་རྒྱས་གསར་པའི་ནང་ཞུགས་པ།རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་གྲོས་རིམ་ཁྲོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དང་།ཁུལ་ཨུའི12345ཡི་འབད་བརྩོན་གྱི་དམིགས་འབེན་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ་བཅས་ཀྱི་འཐབ་ཇུས་གཙོར་བཟུང་སྟེ།དྲིན་ཚོར་བ་དང་དགའ་ཞེན་ཡོད་པ།འགན་འཁྲི་འཁུར་བ།དོན་དངོས་སྒྲུབ་པ་བཅས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་འབད་དགོས་པ་ནན་གྱིས་བསྟན།