རྨི་ལམ་ནང་གི་ཨ་མ།

༼མཚོ་ལྷོ།༽ ཁ་བ་ན་རོ།

《 海南报-藏文 》( 2024年07月17日 第 04 版 )

ཙག་དང་ལྷགས་རླུང་ལྡང་སྐོར་བྱེད་བཞིན་སྨྲེང་གླུ་ལེན་པའི་མཚན་མོ་དེར༎

བདག་གིས་དྲིན་ཆེན་ཨ་མའི་གཟུགས་རུས་ཡིད་ལ་ཉར་གྱིན་གཉིད་དུ་ཡུར༎

རྨི་ལམ་ཞེས་པ་རྫོགས་མཐའ་མེད་པའི་རང་དབང་ཅན་གྱི་ཞིང་ཁམས་ནས༎

སྤང་ལྗོངས་ཡུག་ཡུག་མེ་ཏོག་ལམ་ལམ་གདན་དུ་བཏིང་བའི་ཁྱེད་ཉིད་མཐོང་༎

མི་ཚེ་རིང་བོ་རི་ལུང་ཐང་གསུམ་ས་ཉུལ་རྡོ་ཉུལ་བྱས་ནས་ཐལ༎

ཕྱི་ཡི་ཁྲ་ཁྲ་མིག་གིས་མ་མཐོང་སེམས་ཀྱིས་མ་རག་རྒས་ཀྱིན་ཡོད༎

བདག་གི་སེམས་ལ་བུ་ཡུག་འཚུབ་བཞིན་གྲང་ནས་མི་བཟོད་འཁྱག་ཞིང་འཁྱགས༎

ཨ་མའི་རྒས་གཉེར་ཆུ་ཤུར་བཞིན་དུ་གསལ་ཞིང་གསལ་ལ་དྲང་ཞིང་ཀྱོག །

བདག་གི་སེམས་པ་ན་བུན་ལང་ལོང་ག་ས་གང་དུ་འཐིབས་ནས་ཐལ༎

ཨ་མས་ཕྱག་གཡས་ཐོད་ལ་ཀེར་ནས་སྒོ་ཕྱུགས་མིག་གིས་འཚོལ་བའི་དུས༎

ཀེམ་ཀེམ་གཡོ་པའི་མིག་གི་མཐའ་ནས་ང་ལ་སྐད་ཆ་ཤོད་ལ་ཁད༎

ལག་པས་མགོ་བོ་བྱིལ་བྱིལ་གནང་བཞིན་སེམས་ཀྱི་དྲོད་ཐིག་ང་ལ་སྦྱིན༎

བྱམས་པའི་སྤྱན་ཟུང་ང་ལ་ཅེར་ནས་་ང་ག་གི་མཆོད་པ་ང་ལ་ཕུལ༎

ཨ་མའི་སྐད་ཆ་སེམས་ལ་ཟུག་ནས་ཁོ་མ་ོ་འི་གཟུགས་རུས་མཐོང་ཙ་ན༎

བདག་གི་ཞེ་སེམས་གཏིང་ནས་སྡུག་ཞ་ོ་་ར་སྨྲེང་གླུ་ཐན་ཐུན་ངག་ནས་་བ་ཀ་ུ་ག་་༎

སྐྱོ་བའི་མཆི་མ་མིག་མཐར་འཁྱིལ་ནས་གོར་རོ་རོ་བཞིན་ངུ་སྐད་ཤོད༎

སྐྱོ་ཞིང་སྐྱོ་ལ་སྨྲེང་ཞིང་སྨྲེང་བས་ང་ནི་ར་ྨི་ལམ་ཞིང་ནས་དཀྲོགས༎

བདག་གིས་མགོ་བོ་ཡར་ལ་དགྱེ་ནས་ས་ྒེ་འུ་ཁུང་ཕྱི་ཡི་ཟླ་བ་མཐོང་༎

གསལ་ཞིང་གསལ་ལ་དྭངས་ཤིང་དྭངས་པའི་ཟླ་བའི་ནང་དུ་ཨ་མ་བཙལ༎

ཞིབ་ཆ་ཞིབ་ཆས་བཙལ་ཞིང་བཙལ་མཐར་སྐབས་རེ་ཡོད་ལ་སྐབས་རེ་མེད༎